དྲ་གནས་ཐོག་རིན་ཡོད་གསལ་བསྒྲགས་གཏོང་།

༄༅། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་དྲ་གནས་ཐོག་རིན་མེད་དང་རིན་ཡོད་གསལ་བསྒྲགས་ཁག་གི་རེའུ་མིག

༡༽ གླ་མེད་གསལ་བསྒྲགས་ཁག
སུད་སི་དང་ལེག་ཏེན་སེཊཡན་བོད་རིགས་མི་མང་།
སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ས་གནས་ཚོགས་ཆུང་ཁག
རང་གཞུང་དང་འབྲེལ་བའི་གལ་ཆེའི་གསལ་བསྒྲགས་ཁག

༢༽ གླ་ཡོད་གསལ་བསྒྲགས་ཁག
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྒེར་སུ་ཡང་ཡིན་ཡང་་གསལ་བསྒྲགས་བྱེད་རིན་འབུལ་དགོས།
རིན་གོང་།
ཉིན་ཤས་སམ་ཟླ་གཅིག་རིང་ལ་གསལ་བསྒྲགས་བྱེད་རིན་སུད་སྒོར་ ༥༠༌༠༠ ཡིན།

༣༽ གསལ་བསྒྲགས་ཁག་གློག་འཕྲིན་(web@tibetswiss.ch)ཐོག་ཤོག་ལྷེ་དང་ཟླ་དུས་བཅས་ཁ་གསལ་གནང་དགོས་པ་མ་ཟད་གཤམ་གསལ་གསར་འཕྲིན་དྲ་རྒྱའི་དངུལ་ཁང་བརྒྱུད་དངུལ་བཏང་ཟིན་རྗེས་ང་ཚོས་དྲྭ་རྒྱའི་ནང་དུ་འགོད་ངེས།

དངུལ་འབུལ་ཡུལ།

Kontoinhaber: Newsletter of Tibetan Community in Switzerland, 8487 Rämismühle
Postcheckkonto: 90-134630-2
IBAN: CH84 0900 0000 9013 4630 2