༄༅། སངས་­རྒྱས་­དང་­རྒྱན་­དྲུག་­མཆོག་­གཉིས།

སངས་­རྒྱས་­བཅོམ་­ལྡན་­འདས།

files/content/images/gyendug_chonyi/thoenpa.jpgསངས་­རྒྱས་­བཅོམ་­ལྡན་­འདས་­ལ་­ཕྱགས་­འཚལ་­ལོ། ད་­ལྟ་­ནས་­བརྩིས་­པའི་­ལོ་­ཉིས་­སྟོང་­དྲུག་­བརྒྱ་­ལྷག་­ཙམ་­གྱི་གོང་­དུ་­རྒྱ་­གར་­བྱང་­ཕྱོགས་­སུ་­ཤཱཀྱའི་­རིགས་­རྒྱུད་­ཀྱི་­རྒྱལ་­པོ་­ཟས་­གཙང་­ཞུ་­བ་­ཞིག་­བྱུང༌། ཁོང་­གིས་­རྒྱ་­གར་­བྱང་­ཕྱོགས་­རྣམས་­ལ་­དབང་­བསྒྱུར་­བ་­དང༌།

དེ་ལས་མང་བ།

དཔལ་­མགོན་­འཕགས་­པ་­ཀླུ་­སྒྲུབ།

files/content/images/gyendug_chonyi/lhudup.jpgཤིང་­རྟ་­ཆེན་­པོ་­དཔལ་­མགོན་­པོ་­འཕགས་­པ་­ཀླུ་­སྒྲུབ་­ནི། སྟོན་­པ་­མྱ་­ངན་­ལས་­འདས་­ནས་­ལོ་­བཞི་­བརྒྱ་­ཙམ་­སོང་­རྗེས། རྒྱ་­གར་­ལྷོ་­ཕྱོགས་­བེ་­དེའི་­ཡུལ་­དུ་­བྲམ་­ཟེའི་­རིགས་­སུ་­འཁྲུངས། ཡུམ་­གྱིས་­མཚན་­མཁན་­ལ་­བསྟན་­པས།

དེ་ལས་མང་བ།

འཕགས་པ་ཐོག་མེད།

files/content/images/gyendug_chonyi/thokmey.jpgཤིང་­རྟ་­ཆེན་­པོ་­འཕགས་­པ་­ཐོག་­མེད་­ནི། ཡུམ་­བྲམ་­ཟེ་­མོ་­གསལ་­བའི་­ཚུལ་­ཁྲིམས། པྲཀྭས་­ཤི་­ལ། ལས་­རྒྱལ་­པོའི་­རིགས་­སུ་­སྐུ་­འཁྲུངས། ཡུམ་­གྱིས་­ཁོང་­ལ་­རིག་­པ་­རྣོ་­བའི་­ཆོ་­ག་­དང། རིག་­གནས་­མང་­དུ་­བསླབས། ཁོང་­གི་­ཡུམ་­ལ།

དེ་ལས་མང་བ།

སློབ་དཔོན་འཕགས་པ་ལྷ།

files/content/images/gyendug_chonyi/ayadewa.jpgསློབ་­དཔོན་­ཨྭརྱ་­དེ་­ལྦའམ་­འཕགས་­པ་­ལྷ་­ནི་­སློབ་­དཔོན་­ཀླུ་­སྒྲུབ་­ཀྱི་­སློབ་­མའི་­གཙོ་­བོ་­ཡིན། ཁོང་­གིས་­ལྷོ་­ཕྱོགས་­དཔལ་­གྱི་­རིར་­འཕགས་­པ་­ཀླུ་­གྲུབ་­ཀྱི་­ཞབས་­ལ་­ཡུན་­རིང་­དུ་­བསྟེན་­པའི་­མཐུ་­ལས་­སའི་­སྟེང་­ན་­འགྲན་­ཟླ་­དང་­བྲལ་­བའི་­མཁས་­གྲུབ་­ཆེན་­པོར་­གྱུར།

དེ་ལས་མང་བ།

སློབ་དཔོན་ཕྱོགས་གླང་།

files/content/images/gyendug_chonyi/choklang.jpgམཁས་­མཆོག་­དབྱིག་­གཉེན་­ལ་­སློབ་­མ་­རང་­ལས་­མཁས་­པ་­བཞི་­བྱུང་­བའི་­ནང་­ནས་­ཚད་­མ་­རང་­ལས་­མཁས་­པ་­སློབ་­དཔོན་­ཕྱོགས་­ཀྱི་­གླང་­པོ་­ནི༑ རྒྱ་­གར་­ལྷོ་­ཕྱོགས་­ཀྱི་­གྲོང་­ཁྱེར་­སིངྒ་­བཀྟ་­ཞེས་­བྱ་­བ་­ཀཙཉའི་­ཡུལ་­དང་­ཉེ་­བར་­བྲམ་­ཟེའི་­རིགས་­སུ་­སྐུ་­འཁྲུངས།

དེ་ལས་མང་བ།

སློབ་དཔོན་དབྱིག་གཉེན།

files/content/images/gyendug_chonyi/Yignyen.jpgའཕགས་­པ་­ཐོགས་­མེད་­དང་­ཡུམ་­གཅིག་­པ་­བྲམ་­ཟེའི་­རིགས་­སུ་­སྐུ་­འཁྲུངས། ནར་­སོན་­པ་­ན་­ཡུམ་­གྱིས་­བསྐུལ་­ཏེ་­ནཱ་­ལེདྲནར་­ཕེབས་­ནས་­རབ་­ཏུ་­བྱུང༌། བློ་­རྣོ་­བའི་­ཆོ་­ག་­བྱས་­པ་­ནས་­མང་­དུ་­ཐོས་­པ་­དང་­ཏིང་­ངེ་­འཛིན་­ཐོབ་­པའི་­བར་­གཅེན་­ཐོགས་­མེད་­ཀྱི་­སྐབས་­དང་­མཚུངས་­ཞིང༌།

དེ་ལས་མང་བ།

སློབ་དཔོན་ཆོས་གྲགས།

files/content/images/gyendug_chonyi/chodak.jpgདཔལ་­ལྡན་­ཆོས་­གྲགས་­ནི། རྒྱ་­གར་­ལྷོ་­ཕྱོགས་­ཀྱི་­ཡུལ་­ཏྲི་­མ་­ལ་­ཡར་­བྲམ་­ཟེའི་­རིགས་­སུ་­སྐུ་­འཁྲུངས། དགུང་­ལོ་­བཅོ་­བརྒྱད་­ཚུན་­ལ་­མུ་­སྟེགས་­ཀྱི་­གྲུབ་­མཐའ་­ལ་­ཤིན་­ཏུ་­མཁས་­པར་­སྦྱངས།

དེ་ལས་མང་བ།

སློབ་དཔོན་ཡོན་ཏན་འོད།

files/content/images/gyendug_chonyi/yontenwoe.jpgསློབ་­དཔོན་­དབྱིག་­གཉེན་­གྱི་­སློབ་­མ་­འདུལ་­བ་­རང་­ལས་­མཁས་­པ་­སློབ་­དཔོན་­ཡོན་­ཏན་­འོད་­ནི། ཡུལ་­བཅོམ་­བརླག་­ཏུ་­བྲམ་­ཟེའི་­རིགས་­སུ་­སྐུ་­འཁྲུངས། རིག་­བྱེད་­དང་­བསྟན་­བཅོས་­མཐའ་­དག་­ལ་­ལེགས་­པར་­སྦྱངས།

དེ་ལས་མང་བ།

སློབ་­དཔོན་­ཤཱཀྱ་­འོད།

files/content/images/gyendug_chonyi/Shakyawoe-gif.jpgརྒྱ་­གར་­འཕགས་­པའི་­ཡུལ་­གྱི་­ནུབ་­ཕྱོགས་­སུ་­སྐུ་­འཁྲུངས། ཁ་­ཆེའི་­༼དེང་­སང་­རྒྱ་­གར་­གྱི་­ཀ་­ཤི་­མིར།༽ ཡུལ་­དུ་­འགྲོ་­དོན་­རྒྱ་­ཆེན་­པོ་­མཛད་­ཅིང་­འདུལ་­བ་­ཤིན་­ཏུ་­མཁས་­པར་­གྲགས།

དེ་ལས་མང་བ།