ས་གནས་གྷེ་ལ་རུ་སི་རང་བདེན་ཚོགས་ཆུང་།
ང་མཚོ་རང་ཡུལ་བཞག་ནས་བཙན་བྱོལ་དུ་ཡོང་དགོས་བྱུང་རུང་ད་ཆ་ཡར་རྒྱས་ཅན་གྱི་ལུང་པ་འདིར་སླེབས་ནས་ལྟོ་གོས་ཀྱི་དཀའ་ངལ་མེད་པར་དགའ་སྐྱིད་ངང་གནས་བཞིན་པ་ཡིན། གཅིག་ཤོས་ནི། ང་ཚོའི་ཕ་ཡུལ་བོད་དེ་རྒྱ་མི་དམར་པོའིབཙན་དབང་གིས་བདག་བཟུང་བྱས་ཏེ། བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དུས་ད་ལྟ་ཡང་དཀའསྡུག་མྱང་བཞིན་དུ་ཡོད་པར་གདུང་སེམས་མཉམ་སྐྱིད་བྱ་རྒྱུ་དེ་ཡིན། ང་ཚིའི་ཐོག་མའི་བྱུང་ཁུངས་རོབ་ཙམ་ཞུས་ན།
སུད་སིར་ནང༌། ཕྱི་རྒྱལ་རྒྱལ་ཁབས་མི་རིགས་རྣམས་ཀྱི་བསམ་པར། སུད་སིར་ཡོད་པའི་བོད་མི་རྣམས། ཕྱི་རྒྱལ་གཞན་ནས་ཡོང་བའི་མི་ཚོ་འདྲ་བར་ལས་ཀ་ཁོ་ནའི་ཆེད་དུ་ཡོང་བ་བསམ་ཀྱི་ཡོད་འདྲ། ང་ཚོ་འདི་དྲ་མིན། རང་གི་ལུང་པ་རྒྱ་མི་དམར་པོས་བཙན་འཛུལ་བྱས་སྐྱེན་སྐྱབས་བཅོལ་དུ་ཡོང་དགོས་བྱུང་བ་ཞིག་ཡིན། དེ་ཡང་གསལ་པོར་ཞུས་ན། བོད་འདི་མི་ལོ་ཉིས་སྟོང་བརྒལ་བའི་ལོ་རྒྱུས་ལྡན་པ། སྐད་ཡིག །རིག་གཞུང། གོམས་གཤིས་སོགས་རྒྱ་ནག་དང་འདྲེས་ལྷད་མེད་ཅིང། བོད་རྫེ་རིམ་བྱོན་ནས་ཆོས་སྲིད་མངའ་དབང་བསྒྱུར་ཏེ།
རང་དབང་རང་བཙན་ངང་གནས་བཞིན་པ་ཡིན། དེ་ཡང་ཕྱི་ལོ་ ༡༩༤༩ ལོར་རྒྱ་མི་དམར་པོས་བོད་ཀྱི་ཤར་ཕྱོགས་ས་མཚམས་ནས་དྲག་པོའི་དམག་གིས་བཙན་འཛུལ་བྱས་པ་དང། རིམ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་མཚོན་བོད་ས་མཐའ་དབུས་ཡོངས་ཛོགས་བཙན་བཟུང་བྱས་ཤིང། མཐར། ཕྱི་ལོ་༡༩༥༩ ལོར་ལྷ་སར་བོད་མི་མང་གིས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྐད་འབོད་བྱས་པར་ཉན་སེམས་ལྟར་བཞག །བཙན་གནོན་ཚབ་ཆེ་བྱས་པར་བརྟེན། ྋསྤྱི་ནོར་གོངས་ས་སྐྱབས་མགོན་ཆེན་པོས་དབུས། ང་ཚོ་བོད་མི་ཕྲི་ཚོ་བརྒྱད་ལ་ཉེ་བ་ཁྱིམ་མཚེས་རྒྱལ་ཁབ་༼རྒྱ་གར་ བལ་ཡུལ་ འབྲུག་ཡུལ་ ༽ སོགས་ལ་སྐྱབས་བཅོལ་དུ་མི་ཡོང་ཐུ་མེད་བྱུང་བ་དང། བོད་ལུས་མི་མང་རྣམས་ལ་དམར་གསོད་དང། ཉེས་རྡུང་བཙོན་འཇུག། ངལ་ལས་སོགས་བསམ་བརྗོད་ལས་འདས་པའི་སྡུག་སྦྱོང་དང། ནང་པའི་ཆོས་ཀྱི་བསྟི་གནས་དགོན་པ་སྟོང་ཕྲག་མང་པོ་བསྟོར་ཤིག་བཏང་བ། ྋསྤྱི་ནོར་གོངས་ས་སྐྱབས་མགོན་ཆེན་པོ་མཆོག །ཕྱི་ལོ་༡༩༥༩ ལོ་རྒྱ་གར་དུ་ཕྱིབས་འགྱུར་ཕེབས་ནས་བཟུང་བཞུ་གར་རྡ་རམ་ས་ལར་མང་གཙོའི་ལམ་སྲོལ་ལྡན་པའི་སྐྱབས་བཅོལ་གཞུང་གསར་འཛུགས་གནང་བ་དང། གཞིས་ཆགས་དང། ཆོས་རིག་བསྡི་གནས་དགོན་པ་སོགས་རང་དབང་སླར་གསོའི་ཆེད་དུ་འཛུགས་བསྐྲུན་རྒྱ་ཆེ་གནང་དང་གནང་བཞིན་དུ་མཆིས། དེ་བཞིན་ཀུ་ལུ་ཁུལ་དུ་འཚོ་ཐབས་ལམ་བཟོའི་ལས་ཀར་བསྟེན་སྡོད་བྱེད་པའི་བོད་མི་ཚོ་ཁག་འབོར་ཆེ་ཞིག་ཡོད་པའི་ཁོངས་ནས་གངས་མཚམས་ཤིག ། སུད་སི་ཁུལ་གཞིས་ཆགས་སུ་ལེན་ཐབས་ཡོང་བ་ཞེས་སུད་སི་གཞུང་དང། རྒྱ་གྲམ་དམར་པོར་རེ་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༡༩༦༡ ནས་འགོ་འཛུགས་ཀྱིས་ ཕྱི་ལོ་ ༡༩༨༡ བར་བོད་མི་སྟོང་ཕྲག་གཅིག་སུད་སིར་གཞིས་ཆགས་སུ་ལེན་གནང་མཛད། དེ་ཁོང། དགེ་ལ་རུ་སིའི་རྫོང་ཁོངས་སུ་ང་ཚོ་བོད་མི་ཁྱིམ་ཚང་ ༡༨ ལ་མི་གྲངས་ ༦༩ ཡོད་པ་ ༡༩༧༣ ཟླ་བ་༢ ཚེས་ ༡༦ དང་ཚེས་ ༡༧ སོ་སོར་ཚོ་ཁག་གཉིས་བྱས་ཏེ་འབྱོར་བ་ཡིན། ད་བར་མི་ལོ་ ༣༠ ནང། གསར་སྐྱེས་འཕེལ་རྒྱས་བྱུང་བ་དང། ས་གནས་གཞན་ནས་སྤོས་པ་སོགས་ཁྱོན་བསྡོམས་ད་ལྟ་གྷེ་ལ་རུ་སིའི་རྫོང་ཁོངས་སུ་གཏན་སྡོད་བོད་མི་ཁྱིམ་ཚང་ ༥༠ ལ་མི་གྲང་༢༠༠ རྩམ་ཡོད་པ་རྣམས་ཡུལ་ཕྲིམས་ལ་བརྩེ་སྲུང་དང། ཡུལ་མིར་མཐུན་ལམ་དབ་ཞབ་ཐོག་ཞི་བདེ་བག་ཕེབས་ངང་གནས་བཞིན། སུད་སི་གཞུང་དང།
རྒྱ་གྲམ་དམར་པོ་གཉིས་ནས། ང་ཚོ་རྒྱ་གར་ཀུ་ལུ་ཁུལ་ལམ་བཟོའི་དཀའ་ངལ་མུར་སྡོད་མི་དགོས་པར་སུད་ཛ་ལན་ཌི་ཡར་རྒྱས་ཕུན་སུམ་ཚོགས་པའི་ལུང་པ་འདིར་གཞིས་ཆགས་ཆེད་ལེན་གནང་ཐོག །ཚུར་ལམ་དང་འདི་གར་འབྱོར་གདོང་བཟའ་བཅའ་དང།
མལ་གོས་སོགས་མཐུན་འགྱུར། ཕུག་ཡུལ་རང་རང་འཇོན་སྟངས་ལ་དཔགས་པའི་ལས་ཀ་ཐབས་འཚོལ་དང།
བུ་ཕྲུག་རྣམས་ལ་སློབ་གྲྭར་འཇུག་གཏོང་སོགས་རོགས་རམ་བླ་མེད་མཛད་པའི་བཀྲིན་ནམ་ཡང་བརྗེད་ཐབས་མེད། ང་ཚོ་རང་ཡུལ་རང་དབང་གི་དུས་སྐབས་བཟང་པོ་ཐོབ་མཚམས་བཀའ་དྲིན་རྗེས་དྲན་ཞུ་ཐུབ་པའི་ཡིད་ཆེས་ཡོད། བོད་ལུས་མི་མང་གི་རང་དབང་སླར་གསོའི་ཆེད་འཐབ་བརྩོད་སྐད་འབོད་རིམ་བྱས་ལ་ཉན་སེམས་ལྟར་བཞག་འཛིན་བཟུང་བཙོན་འཇུག་གི་ཉེས་རྡུང་མནར་གཅོད་ཚད་མེད་གཏོང་གི་ཡོད་པ། རྒྱ་ནག་ནས་རྒྱ་མི་ཁྱོན་ཆེ་ཡོང་སྟེ་བོད་ནང་གཞིས་ཆགས་བྱས་དང་བྱེད་བཞིན་པ་འདིས། བོད་རྒྱ་ཡུལ་དུ་བསྒྱུར་རྒྱུའི་གཡོ་ངན་ཐབས་བྱུས་བྱེད་བཞིན་པ་བཅས་རེད།
ང་ཚོའི་དབུ་འཕྲིད་ ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། མ་འོང་བོད་དེ་མང་གཙོ་ཡང་དག་གི་ལམ་སྲོལ་ཅན་དུ་བརྒྱུར་བསྒྱུའི་ལམ་སྟོན་བཟང་པོ་གནང་བཞིན་པའི་ཐོག། སྐྱབས་བཅོལ་བོད་མི་མང་གི་འཐུས་མི་སོགས་འོས་འདེམས་དང་འབྲེལ། རྡ་རམ་ས་ལར་མང་གཙོའི་སྒྲིག་འཛུགས་ལྡན་པའི་སྐྱབས་བཅོལ་བའི་གཞུང་ཆེད་འཛུགས་གནང་ཡོད་པ་དང། བོད་མི་མང་གི་རང་དབང་སླར་གསོ་ཡོང་ཆེད་འཚེ་མེད་ཞི་བའི་ཐབས་ལམ་ཟུང་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ཞི་མོལ་མུ་ཐུད་གནང་བཞིན་པ་དང། འཛམ་གླིང་མི་མང་ཡོངས་ལ་བོད་དོན་བདེན་པའི་གསལ་བསྒྲགས་དང་བདེན་རྒྱབ་རེ་བསྐུལ་བཅས་གནང་བཞིན་དུ་ཡོད། ད་ལམ་གོ་སྐབས་འདི་བརྒྱུད་ང་ཚོ་ཁུངས་འདིའི་བོད་མི་རྣམས་ནས་སུད་སི་གཞུང་དང། མི་མང་རྣམས་ལ་རེ་བསྐུལ་ཞུ་རྒྱུར། རྒྱ་ནག་དམར་གཞུང་གིས་རྒྱ་སྐྱེ་དང། མི་སེར་སྤེལ་བའི་སྲིད་བྱུས་མཚམས་འཇོག་གིས། བོད་ཡུལ་བོད་མིར་བདག་དབང་སྤྲོད་དགོས་པའི་བདེན་རྒྱབ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་ ༡༩༧༦ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༧ པའི་ནང་བདུན་གཅིག་རིང་སྤྱི་རིམ་བུམ་པུ་ཏི་ ༡༦ གྲོགས་སྦྱང་དང། ཚོགས་འབུལ་དང་འབྲེལ་དེ་རྗེས་གྲོལ་སྟོན་གྱི་མི་མང་སྣམ་ནས་ལྷ་གསོལ་གྱི་དགའ་སྟོན་གཏོང་བཞིན་པའི་གསལ་བཤད།།
ས་གནས་ཚོགས་ཆུང་གི་བོད་ཡིགས་སློབ་གྲྭ། ༽
ས་གནས་ཚོགས་ཆུང་ནང་མ་འོང་བོད་རང་བཙན་མ་ཐོབ་བར་བོད་མི་རྣམས་རང་གི་མི་རིག་དང་ཆོས་དང་རིགས་གཞུང།
སྐད་ཡིག་གོམས་གཤེས་སོགས་མི་ཉམས་པའི་ཆེད། ༡༩༧༤ ལོར་ས་གནས་བོད་ཡིགས་སློབ་གྲྭ་གསར་འཛུགས་བཞུས་ཏེ་ད་བར་སློབ་འཕྲུགས། ༣༢ དང། སློབ་དགེ་ ༥ གཞས་དགེ་ ༢ བོད་སློབ་འགན་འཛིན་པ་མི་བཞི་བཅས་ཡོད་པ་ལོ་ལྟར་ཕྱི་ཟླ་༥ ནང་སློབ་གྲྭའི་འགན་འཛིན་རྣམས་ནས་འགན་འཁུར་ཞུས་ནས་ས་གནས་སུ་བོད་ཡིག་སློབ་གྲྭའི་དུས་ཆེན་གཏོང་གནང་གི་བོད་ཡིག་སློབ་དགེ་རྣམས་དང་འགན་འཛིན་རྣམས་ནས་ལོ་རེར་བོད་ཡིག་ཡིག་ཚད་གཏོང་གནང་གི་སློབ་ཕྲུག་རྣམས་ལ་ཨང་དང་གཉིས་གི་གསོས་རས་གན ང་ཇེས། དེ་ཉིན་སྐུ་མགྲོན་གཙོ་བོ་གྷི་ལ་རུ་སི་གྲོང་སྡེ་སྤྱི་ཁྱབ་དང་སུད་སི་བོད་རིགས་མི་མང་ཚོགས་གཙོ། ཡུ་རོབ་སྤྱི་འཐུས། རང་གཞུང་སྐུ་ཚབ་དོན་གཅོད་རྣམས་གདན་འདྲེན་ཞུས་རྗེས་སློབ་ཕྲུགས་རྒན་གཞོན་རྣམས་དང། སློབ་ཕྲུགས་ཕ་མ་རྣམས་ནས་གཞས་སྣ་འགྲ་མིན་བཟིགས་འབུལ་བཞུས། ལོ་སྟར་ཕྱི་ཟླ་ ༡༢ ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་འགན་འཛིན་རྣམས་ནས་འགན་འཁུར་ཞུས་ཏེ་བོད་ཀྱི་བསོད་རྣམས་ལོ་གསར་བཞེས་པའི་དགའ་སྟོན་གྲ་གྲིགས་ཞུས་ནས། བོད་རིགས་མི་མང་རྣམས་དང་ཕྱི་རྒྱལ་མི་རིགས་རྣམས་ནས་རང་རང་ཐུགས་འདོད་གི་རྩེ་རིགས་ཁག་དང་གཞབ་གཞས་སྐྱོན་ནས་ལྷོད་བཞུགས་གནང་རྒྱུ་དང་ས་གནས་ཚོགས་ཆུང་མི་མང་རྣམས་ནས་བོད་ཡིག་སློབ་གྲྭའི་འཐུན་སྐྱེན་ཆེད་ཚང་མའི་ཐུགས་དགོངས་རྒྱ་ཆེར་བཞེས་ནས་སྐུ་ངལ་ལ་འཛེམས་མེད་པ་གཉམ་རུབ་ཕྱགས་རོགས་གནང་བཞིན་པ་ཡིན།
༼རང་དབང་ཚོགས་ཆུང༌། ༽
སུད་སིར་ཡོ་རོབ་གཞོན་ནུའི་འཐུན་ཚོགས་ནང་ནས་ཚོག་ཆུང་གཅིག་རང་དབང་ཚོགས་ཆུང་ཡིན་པ། གྷེ་ལ་རུ་སི་ནང་གནས་སྡོད་གཞོན་སྐྱེས་ཕོ་མོ་རྣམས་ཡིན། ཚོག་ཆུང་འདི་བཞིན་ ༡༩༨༥ ལོར་གསར་འཛུགས་གནང་དེ་ད་བར་ཚོག་མི་མི་གྲང་ ༢༠ ཐམས་པ་ཡོད་པ་གཞོན་སྐྱེས་རྣམས་ནས་བོད་དོན་ཆེད་ས་གནས་གྷེ་ལ་རུ་སི་ཙམ་མིན་པར་ཡོ་རོབས་ནང་འཁུལ་གང་སར་ བོད་དོན་གི་ཕྱགས་ལས་མང་པོ་གནང་བཞིན་པའི་བསལ་འཤད།།
༼གཡུམ་ཚོ་ཚོགས་ཆུང། ༽
སུད་སི་བོད་ཀྱི་བེུད་ཚོག་པའི་ནང་ཚོག་ཆུང་གཅིག་གཡུམ་མཚོ་ཡིན། གཡུམ་མཚོ་ཚོགས་ཆུང་འདི་བཞིན་ས་གནས་གྷེ་ལ་རུ་སི་ནས་ཡིན་པ། ༡༩༨༨ ལོར་གསར་འཛུགས་གནང་དེ་ད་བར་བོད་དོན་རང་བརྩན་ཆེད་དུ་རྒྱ་དམར་དཔོན་རིགས་སོགས་སུད་སིར་འབྱོར་སྐབས་ཆད་མེད་དུ་ངོ་རྒོལ་སྐད་འབོད་གནང་བཞིན་པ་ཡིན། གཡུམ་མཚོ་ཚོགས་ཆུང་ནས་འགན་བཞེས་ཏེ་ས་གནས་མི་མང་མཉམ་འཛོམས་ཀྱིས། ྋསྤྱི་ནོར་ྋགོང་ས་མཆོག་གི་སྐུ་ཕྱཱ་དང་དེ་བཞིན་ྋརྒྱལ་བའི་ཞབས་བརྟན་དང་མ་ཎི། སྨོན་ལམ་ཚོགས་སོགས་ཞབས་རིམ་ཁག་སྨིན་བསྒྲུབས་ཞུ་བཞིན་ཡོད།
༼ཧི་མ་ལ་ཡ་པོ་ལོ་ཚོགས་པ། ༽
ཚོགས་པ་འདི་བཞིན་༡༩༨༡ ལོར་གསར་འཛུགས་གནང་དེ་ད་བར་ཚོགས་མི་ ༢༣ ཡོད་པ་ཁོང་རྣམས་ནས་སྨིགས་ཡུལགཙོ་བོར་འདི། ས་གནས་ནང་ཡོད་པའི་བོད་ཕྲུག་ན་གཞོན་ཕོ་མོ་རྣམས། ཁ་འཐོར་མ་ཡོང་བའི་ཆེད་རྩེ་མོ་ཀང་པོལ་དང། གཞན་ཡང་རྩེ་རིགས་སྣ་ཚོགས་གྲ་སྒྲིག་བཞུ་གི་ཡོད། ཧི་མ་ལ་ཡའི་པོ་ལོ་ཚོགས་པའི་ན་གཞོན་རྣམས་ནས་ལོ་སྟར་ ྋསྐུའི་འཕྲུང་སྐར་དུས་ཆེན་ཉིན་མོར་སུད་སི་གནས་སྡོད་བོདརིགས་པོ་ལོ་ཚོགས་པ་གཞན་གི་མཉམ་འགྲན་འདུར་གནང་ཏེ་གསོས་རས་ཨང་དང་གཉིས་ཡང་ལོ་གྲངས་འགའ་ཤས་ཐོབ་པའི་གསལ་བཤད་ཞུ་བ་དང། གུང་ལོ་འགྲེས་བ་རྣམས་ནས་ྋསྐུའི་འཕྲུང་སྐར་དུས་ཆེན་ཉིན་མོར་ཐག་འཐན་འགྲན་འདུར་གནང་ཏེ་ལོ་མང་རིང་ཨང་དང་པོའི་གསོས་རས་ཡང་བཞུས་ཡོད་པའི་བསལ་འཤད་དང་མཐར་དོན་བཞུ་རྒྱུ་ལ།
ང་ཚོའི་སུད་སི་ཕ་ཡུལ་གསུམ་པའི་བོད་རིགས་མི་མང་གི་མཛའ་མཐུན་བཟང་པོ་ད་མུས་བཞིན་གནས་པ་དང༌། ང་ཚོ་གཞེས་བྱེས་གཉིས་སུ་ཡོད་པའི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཕྲིད་ ྋགོངས་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང། བོད་རང་དབང་གི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས་ཡིན།
གྷེ་ལ་རུ་སི་རང་བདེན་ཚོགས་ཆུང་མི་འཐུས། གང་གཞོན་ཚང་པདྨ་དབྱངས། བྱང་སྟན་བློ་སྒྲོས། བྱང་སྟན་ཉི་མ་ཐོུང་ནས།
བཀྲ་ཤིས་བདེ་ལེགས་ཞུ།། ༢༠༠༣ ཕྱི་ཟླ་ ༡༠ ཚེས་ ༣༠ ལ།།