གསར་འགྱུར་གསར་པ།

བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོ།

༢༠༢༣ ཟླ། ༡ ཚེས། ༡༤ རེས་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་བོད་སློབ་ཁག་གི་སློབ་ཕྲུག་ནང་ཁུལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་འགྲན་སྡུར་ཆེན་མོ་དེ་ས་གནས་ལྦིན་ཏྲར་ཐུར་ (Winterthur) གི་ཚོགས་ཁང་ཆེན་མོ་ཞིག་གི་ནང་ཞོགས་པ་ཕྱག་ཚོད་ ༩ པ་ནས་དགོང་མོ་ཕྱག་ཚོད་ ༨ པའི་བར་ལེགས་པར་བསྒྲུབས་ཡོད།

དེ་ལས་མང་བ།

ཕྱི་ལོ་ ༢༠༢༢ སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་འཛོམས།

ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་ལོ་འཁོར་འདུ་ འཛོམས་ཆེན་པོ་དེ་འཚོགས་ཡོད། དེ་ཡང་ཉིན་རྒྱབ་ཆུ་ཚོད་ ༡༤།༠༠ སྟེང་མི་མང་རྣམས་ཚོགས་ཁང་དུ་འཛོམས་ འགོ་ཚུགས། དེ་ནས་གདན་ཞུས་སྐུ་མགྲོན་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་ རིན་པོ་ཆེ་བཞུགས་འཁྲིའི་སྟེང་གདན་ཞུ་གྲུབ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་ས་གནས་ དབུས་གཙང་ཆོལ་ཁའི་ཚོགས་གཙོ་རྣམ་གཉིས་ཀྱིས་མནྜལ་འདེགས་འབུལ་ཞུས་མཚམས།

དེ་ལས་མང་བ།

ཛུ་རིག་ཚོགས་ཆུང་དབྱར་སྐྱིད།

དེ་རིང་ ༢༠༢༢ ཟླ། ༨ ཚེས། ༢༠ ཉིན་ས་གནས་ཛུ་རིག་ཚོགས་ཆུང་གི་བོད་སློབ་ཀྱི་དགེ་རྒན་དང་ཕ་མ། བོད་སློབ་འགན་འཛིན་གཙོས་ས་གནས་རྒྱུན་ལས་རྣམ་པ། དེ་བཞིན་མི་མང་བཅས་འཛོམས་ཐོག་ད་ལོའི་དབྱར་སྐྱིད་དེ་ལེགས་སྒྲུབ་བྱུང་ཡོད།

དེ་ལས་མང་བ།

རེ་ཀོང་བོད་སློབ་དབྱར་སྐྱིད།

༢༠༢༢ ཕྱི་ཟླ་ ༨ པའི་ཚེས་ ༢༠ གཟའ་སྤེན་པ་ཉིན་ས་གནས་ཐུར་སྦན་ཐལ་གྱི་རྐང་སྤོལ་ཐང་ཆེན་གྱི་ཉེ་འགྲམ་ཚོགས་ཁང་ཞིག་དུ་རེ་ཀོང་ཚོགས་ཆུང་གི་སློབ་ཕྲུག་དང་ འཐུས་མི་ ་བོད་སློབ་འགན་འཛིན་  དགེ་རྒན་ ་ཕ་མ་ ཚོགས་ཆུང་གི་་མི་མང་བཅས་བརྒྱ་ལྷག་ལྷན་འཛོམས་ཀྱིས་མཛད་སྒོ་དབུ་ཚུགས་ཀྱིས་ཐོག་མར་རེ་ཀོང་ཚོགས་ཆུང་གི་སྤྱི་ཟུར་རྣམ་པ་གཉིས་དང་ འཐུས་མི་ བོད་སློབ་འགན་འཛིན ་ རྒན་ལགས་རྣམ་པ་གཉིས་ ས་གནས་ཐུར་སྦན་ཐལ་གྱི་འཐུས་མི་ སློབ་ཕྲུག་བཅས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང

དེ་ལས་མང་བ།

གདུང་སེམས་མཉམ་བསྐྱེད།

༄༅། །ཉེ་ལམ་ཧྥི་རན་སིར་རྒྱ་ནག་ཟ་ཁང་གི་སྦྱིན་བདག་རྒྱ་རིགས་ཤིག་གིས་ཟ་ཁང་དེར་ལས་ཀ་བྱེད་མཁན་ཚུལ་ཁྲིམས་ལགས་དམར་གསོད་བཏང་བའི་དོན་རྐྱེན་ཐད། སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྐབས་ ༡༨ འཐུས་ཚོགས་ངོས་ནས། འདས་པོའི་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་།

དེ་ལས་མང་བ།

བོད་ཡིག་སློབ་གྲྭ་ནང་ཁུལ་ལོ་རེའི་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་བདུན་པ་དེ་ཚོགས་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༢༠༢༢ ཟླ། ༦ ཚེས། ༡༡ ཉིན་སུད་སི་དང་ལིག་ཏེན་སིཊཡན་ནང་ཡོད་པའི་བོད་ཡིག་སློབ་གྲྭ་ཁག་གི་ནང་ཁུལ་ལོ་རེའི་ཕ་སྐད་ཉིན་མོའམ་བོད་ཀྱི་སྐད་ཡིག་འགྲན་སྡུར་ཐེངས་བདུན་པ་དེ་སུད་སི་ནང་གྲོང་ཁྱེར་ཝེ་དེནསི་ཝིལ་དུ་ཚོགས་ཐུབ་པ་བྱུང་ཡོད། དེ་ཡང་སུད་སི་དང་ལིག་ཏེན་སིཊཡན་ནང་ཡོད་པའི་བོད་སློབ་ཁག་བཅོ་བརྒྱད་ནས་སློབ་ཕྲུག་ཁྱོན་བསྡོམས་ ༣༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད། མཛད་རིམ་གྱི་ཐོག་མར་ཞལ་འདོན་དབུ་འཛུགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྣ་བའི་བཅུད་དུ་གྱུར་པའི་ང་ཡི་རྩ་བའི་བླ་མ་ཞེས་པའི་༧གོང་ས་མཆོག་ལ་བསྟོད་གླུ་དབྱངས་སུ་གྱེར།

དེ་ལས་མང་བ།

རི་ཀོན་ཆོས་འཁོར་དགོན་དུ་སུད་སི་ས་གནས་དབུས་གཙང་ཆོལ་ཁས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཞུས།

ཉེ་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་ཡིག་ཕེབས་དོན་ལྟར། རང་ཅག་ཁ་བ་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་གེགས་དང་བར་ཆད་ཀྱི་རྐྱེན་ཕྲ་མོ་ཙམ་ཡང་མི་བྱུང་བར་སྐུ་རྟག་བརྟན་གཡོ་བ་མེད་པར་བསྐལ་བརྒྱར་བཞུགས་པ།

དེ་ལས་མང་བ།