Turbenthal་ཚོགས་ཆུང་ནས་སྨོན་ལམ་སོགས་གསོ་བསྒྲུབ་གནང་།

༄༅།། འདི་གར་ས་གནས་Turbenthal་ཚོགས་ཆུང་ནས་སྤྱི་ལོ་༢༠༡༦་ལོ་ སྤྱི་ཟླ་༠༦་ཚེས་༡༡་ཉིན་སྔ་དྲོ་མི་མང་ཚང་འཛོམས་ཐོག་སྤྱི་ནོར་༧་གོང་ས་སྐྱབས་མགོན་རིན་པོ་ཆེན་མཆོག་ སྐུ་ཚེ་བརྟན་པའི་ཆེད་རྒྱལ་བའི་མཚན་སྔགས་དང་མ་ཎི་ཚེ་ལྷ་རྣམ་གསུམ་གྱི་གཟུངས་སོགས་ གསོ་བསྒྲུབ་དང་།   དེ་མཚུངས་ཉེ་ཆར་བོད་ཨ་མདོ་རྔ་བ་ནས་ཕྲུ་གུ་ལྔ་ཡི་ཨ་མ་བསོད་ནམས་མཚོ་ནས་བོད་བསྟན་ སྲིད་དང་མི་རིགས་སོགས་ཀྱི་ཆེད་དུ་གཅེས་པའི་ ལུས་སྲོག་བློ་བཏང་གནང་ བ་དེའི་ཆེད་དུ་མ་ཎི་དང་བདེ་ཆེན་སྨོན་ལམ་སོགས་གསོ་བསྒྲུབ་གནང་།

ཉིན་དགུང་རྗེ་ལ་ཚོགས་མི་ རྒན་གཞོན་ཕན་ཚུལ་ངོ་ཤེས་འམ་ངོ་ སྤྲོད་ཡི་ཆེད་དུ་ས་འཐུས་མཆོག་ནས་དེ་ དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེ་ས་གནས་བོད་དྲུང་ནས་གཙོ་སྐྱོང་འོག་བོད་ཀྱི་རྒྱ་རབས་ལོ་རྒྱུ་དང་བོད་ ཀྱི་རིག་གནས་བོད་པའི་ཡ་རབ་ སྤྱོད་བཟང་སོགས་དང་འབྲེལ་ བའི་ཆུ་ཚོད་གཅིག་ཙམ་རིང་ལ་ དྲི་བ་དྲི་ལན་སོགས་གནང་།

དེ་ནས་ས་འཐུས་ མཆོག་ནས་སྤྱི་ཟླ་བཅུ་པ་ ནང་སྐུ་མདུན་སུད་སི་ལ་ ཆེད་ཕེབས་སྐབས་སུ་མི་ དམངས་ནས་སྒྲུབས་དགོས་པའི་ལས་ འགན་གང་ཡིན་སོགས་ ཀྱིས་འཚོག་འདུས་ གནང་།  དགོང་ དྲོ་བཞེས་ལག་ རྗེ་ནས་མི་ དམངས་རྣམས་་ སྦི་ཀོ་སོགས་ སོ་སོར་གང་ འདོད་རྩེད་ རིགས་སོགས་ལ་ རོལ་ནས་དུས་ མཚམས་མེད་པ་ ཉིན་གཅིག་གི་ མཛད་རིམ་རྣམས་ ལེགས་པ་གྲུབ་ པའི་སྙིང་ བསྡུས་སུ།
ས་འཐུས་གཙོ་པའི་རྒྱུན་ལས་ཐུན་མོང་ནས་ཟླ་༠༦་ ཚེས་༡༤་བཟང་པའི་དགེ་བའི་ཉིན་ལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།