ར་པརསེ་ཝིལ་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད་ཨང་རིམ་བྱ་དགའ་དང་ལོ་གསར་དགའ་སྟོན་རྟེན་འབྲེལ་མཛད་སྒོ་གནང་བ།
༢༠༡༡ ཕྱི་ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པའི་ཉིན་རྒྱབ་ས་གནས་ར་པརསེ་ཝིལ་བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད་ཨང་རིམ་བྱ་དགའ་གནང་རྒྱུ་དང་། སྟབས་བསྟུན་བོད་རབ་གནས་ལྕགས་ཡོས་གནམ་ལོ་གསར་དུས་བཞད་པའི་དགའ་སྟོན་རྟེན་འབྲེལ་མཛད་སྒོ་ཞིག་གནང་བ་དང། སྐབས་དེར་སྟག་རྩེ་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་མཆོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས་རྐྱེན་འདས་གྱུར་བར་མྱ་ངན་གུས་བཏུད་དང་མཆོག་གསུམ་ལ་སྨོན་འདུན་སོགས་ཞུས་སོང་བའི་ཞིབ་ཆ་སུད་སི་བོད་རིགས་མི་མང་གི་གསར་འཕྲིན་ཐོག་འགོད་འབུལ་ཞུ་རྒྱུ་ཡིན། འདྲ་དཔར་
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།