བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་དང་ཡོ་རོབ་སྤྱི་འཐུས་འོས་མི་ལྔའི་བགྲོ་གླེང་གནང་པ།

༄༅།། ཕྱི་ལོ་ ༢༠༡༡ ཟླ་ ༠༢ ཚེས་ ༢༠ ཉིན་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ས་གནས་ཝེ་ལྡེནསི་ཝིལ་ཚོགས་ཁང་ཞིག་གི་ནང་ཞོགས་པ་ཕྱག་ཚོད་ ༡༠།༣༠ ཡོལ་ཙམ་ནས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ ༥༠༠ ཙམ་ལ་བཀའ་སློབ་བཀྲིན་བསྩལ་བ་དང་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གཏང་གནང་ནས་ མི་མང་གི་ཚོགས་གཙོ་པ་སངས་ལགས་ནས་དགའ་བསུའི་གསུང་བཤད་གནང་།
རིན་པོ་ཆེ་མཆོག་ནས་ཚེས་ ༡༩ ཉིན་ས་གནས་འཛུ་རིག་ཏུ་སུད་བོད་མཐུན་གྲོགས་ཚོགས་པའི་ལོ་འཁོར་ལས་བསྡོམས་སྐབས་གསུང་བཤད་གནང་སྐབས་སུ་གང་ཉིད་ནས་འཚོར་སྣང་བྱུང་ཡས་ལ་སུད་བོད་མཐུན་གྲོགས་ཚོགས་པའི་ནང་དུ་ཚོགས་མི་མང་ཆེ་བ་ཕྱི་རྒྱལ་བ་ཡིན་པ་ལས་བོད་མི་མང་པོ་མེད་པར་བོད་དོན་རྒྱབ་བསྐྱོར་ཚོགས་པའི་ནང་བོད་མི་མང་ཚོགས་ནས་མཉམ་བཞུགས་གང་མང་ཐུབ་ཚེ་དགེ་ཚན་ཡོད་པ་དང་ལྷག་པར་སུད་སི་ནང་བོད་མི་གནས་བཞུགས་པ་གང་མཚམས་ཡོད་པས་ཆ་ནས་ངེས་པར་དུ་ཐུགས་བསམ་ཞེས་གནང་དགོས་པའི་སྐོར་བཀའ་སློབ་ནན་ཏན་གནང་། རིན་པོ་ཆེ་མཆོག་ནས་གསུང་བཤད་ཀྱི་དུས་ཡུན་མང་པོ་མ་བཞེས་པས་ཐོག་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་མང་པོ་གོ་སྐབས་གནང་སྟེ་མང་ཚོགས་ནས་བོད་གཞུང་གི་འཛིན་སྐྱོང་དང་རང་གཞུང་གི་ཆབ་སྲིད་ཐད་དྭོགས་པ་དང་གསལ་པོ་མེད་པ་རིགས་ཡོད་ཚེ་གསལ་པོ་བཟོས་ཐུབ་པས་ཐབས་ཤེས་ཞུ་གི་ཡིན་བཅས་ཀྱི་བཀའ་སློབ་ཡང་གནང་ཡོད་པ་རེད། མང་ཚོགས་ནས་ཧ་ཅང་གི་ཐུགས་སྣང་ཆེན་པོའི་ཐོག་ཉེ་དུས་༸བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་ཀྱི་འགན་དབང་མ་བཞེས་པའི་ཐོག་བགྲེས་ཡོལ་ཆ་ཚང་ཞེས་རྒྱུའི་ཐད་བཀའ་སློབ་གནང་ཡོད་པའི་སྐོར་བཅའ་འདྲི་ཞུ་མཁན་དང་། རིན་པོ་ཆེ་མཆོག་གི་འཛིན་བསྐྱོང་བཀའ་ཤག་ངོས་ནས་ད་བར་ཕྱག་ལས་གནང་ཕྱོགས་དང་འགྲུབ་འབྲས་ལེགས་པོ་་བྱུང་པར་མི་མང་གི་སྒྲིག་འཛུག་དང་དེ་བཞིན་ཚོགས་པ་སྐྱིད་སྡུག་ཁག་ནས་བཀྲིན་རྗེས་དྲན་མཚོན་བྱེད་དགའ་བསུའི་ཕྱག་རྟགས་བཅས་ཕུལ་ཡོད་པ་རེད། གང་ལྟར་མང་ཚོགས་ནས་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་རྒྱུའི་བཀའ་སློབ་ཕེབས་པར་ཐུགས་ཚབ་ཆེན་པོ་གནང་བཞིན་ཡོད་པ་རེད་འདུག

ཉིན་རྒྱབ་ཕྱག་ཚོད་ ༢་༣༠ ཐོག་མུ་མཐུད་ཡོ་རོབ་སྤྱི་འཐུས་འོས་མི་ལྔའི་བགྲོས་གླེང་ཞིག་མི་མང་གི་གལ་ཆེ་དོན་ཆེ་ལ་དགོངས་ནས་གོ་སྒྲིག་ཞུས་ཡོད་པ་དང་། ཐོག་མར་མི་མང་གི་ཚོགས་གཙོ་པ་སངས་ལགས་ནས་དགའ་བསུའི་གསུང་བཤད་གནང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་སྒོ་སྤེ་ཡོན་ཏན་ལགས་ནས་དྲི་བ་གནང་ཕྱོགས་དང་དྲི་བ་དྲིས་ལན་གྱི་མཛད་རིམ་མང་ཚོགས་ལ་གསལ་བཤད་གནང་ཡོད། དེ་རྗེས་གོ་སྒྲིག་ཚོགས་ཆུང་གི་དྲི་བ་ཁག་གསུམ་ཕུལ་ཡོད་པ་དང་། དེ་ནས་རིམ་བཞིན་མང་ཚོགས་ནས་སྤྱི་དོན་དང་འབྲེལ་བའི་བཅའ་དྲི་ཞུས་མཁན་ཡང་མང་དག་བྱུང་ཡོད་པ་རེད། མཐའ་མར་མི་མང་གི་ཚོགས་གཞོན་བློ་བཟང་ལགས་ནས་སྤྱི་འཐུས་འོས་མིར་བཞུགས་པས་སི་པན་ནས་སྐུ་ཤོག་དབང་ཆེན་ལགས་དང་ནོ་ཝེ་ནས་ཀོ་རིན་ཆུང་དག་ལགས་དེ་བཞིན་སུད་སི་ནས་བསོད་ནམས་སྨོན་མཁར་ལགས་དང་བསམ་དོ་བྱམས་པ་ལགས་དབང་པོ་དབང་པོ་བཀྲེས་མཐོང་ལགས་བཅས་ལ་བགྲོས་གླེང་དུ་གལ་ཆེར་དགོང་ནས་མཉམ་བཞུགས་གནང་པར་ཐུགས་རྗེ་ཆེ་ཞུའི་མཇལ་དར་དང་ཕྱག་རྟགས་བཅས་ཕུལ་གནང་མཛད་ཡོད།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 9 སྡོམས་རོགས།