༧གོང་ས་མཆོག་གི་ཆིབས་སྒྱུར་སྐབས་མི་མང་གིས་དོ་སྣང་གལ་ཆེན་དགོས་སྐོར་གསལ་བཤད།

སྤྱི་ལོ་ ༢༠༡༨ ཕྱི་ཟླ་བ་ ༨ ཕྱི་ཚེས་ ༢༥ ཉིན་ སུད་སི་བོད་རིགས་མི་མང་གི་བཀོད་སྒྲིག་འོག་  སུད་སི་ས་གནས་ཡོ་ན་དུ་ རི་ཀོན་མཁན་རིན་པོ་ཆེ་དང་སྐུ་ངོ་དོན་གཅོད་གདན་འདྲེན་ཞུས་སྟེ་ ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་ རྣམས་པ་གཉིས་གཙོས་པའི་ཚོགས་ཞུགས་བོད་མི་མང་གི་སྤྱི་འཐུས་ཟམ་མདོ་བྱམས་པ་དང་ མི་མང་གི་ཚོགས་གཙོ་ཟུར་བ་གཙོས་པའི་མི་མང་རྣམས་ལ་མཚམས་འདྲི་གནང་རྗེས་ ད་རེས་ཀྱི་མཛད་རིམ་འདི་གསལ་སྒྲགས་ཅུང་ཙམ་ཕྱི་དྲག་པར་དགོངས་སེལ་ཞུས་པ་དང་ ཉིན་དེར་གཞོན་སྐྱེས་མང་པོ་ཚོགས་འདུའི་ཐོག་ཡོང་རྒྱུར་དམིགས་ནས་ཚོགས་འདུ་ཐད་ཀར་མཇར་མན་ནང་སྐད་བསྒྱུར་བྱ་རྒྱུའི་གྲ་སྒྲིག་ཞུས་ཀྱང་ན་གཞོན་མང་པོ་ཞིག་ཕེབས་ཐུབ་མེད་པ་རེད། རྗེས་སུ་གསལ་སྒྲགས་གང་ཡིན་གང་མགྱོགས་སུ་འབུལ་ཐབས་ཞུ་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་གསུང་། མཁན་རིན་པོ་ཆེ་མཆོག་ནས་༧་གོང་ས་མཆོག་གིས་བཀའ་དྲིན་བསྩལ་རྒྱུའི་གསུང་ཆོས་ཕྱག་དཔེའི་བརྗོད་བྱ་སྙིང་བསྡུས་ཐོག་ནས་ དབུ་མ་རིན་ཆེན་ཕྲེང་བ་དང་ རྒྱལ་སྲས་ལག་ལེན་སོ་བདུན་མའི་སྐོར་གསུངས་སོང།

སྐུ་ངོ་དོན་གཅོད་མཆོག་ནས་ལྷན་རྒྱས་ཚང་མར་མཚམས་འདྲི་སྔོན་དུ་ཞུས་རྗེས་༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་ཞུ་ཁ་གཅར་བ་ཡིན་ཀྱང་་ཞིབ་ཕྲ་ཁ་གསལ་ཞུ་ཐབས་མི་འདུག་ཀྱང་ ་མི་མང་ལ་དགོས་མཁོ་དང་གྲ་སྒྲིགས་ཚག་ཚུད་པོ་བྱུང་ན་བསམ་གྱི་འདུག།  ཐེངས་འདིའི་གསུང་ཆོས་ཆེད་མི་མང་པོར་ལག་ཁྱེར་མ་འདེང་པ་བྱུང་བའི་རྒྱུ་མཚན་ནི་ལག་ཁྱེར་རིན་པ་ཆུང་ཆུང་ཡིན་པ་དང་དུས་ཚོད་རན་པོ་སྐབས་ཁེབ་བས་རེད་ ཡིནའང་མ་བྱུང་པ་དེ་ཚོའི་ཆེད་དུ་དམིགས་གསལ་དྲ་ལམ་རྒྱུད་ནས་ཐད་གཏོང་སྐད་རིགས ༨  ཐོག་ནས་ཡོད་པས་ དྲ་ལམ་ཡག་པོ་ཡོད་ཚེ་གསུངས་ཆོས་ཐད་ཀར་ཐོབ་ཀྱི་ཡོད། ད་ལོའི་གསུངས་ཆོས་ནི་དམིགས་གསལ་གཞན་མ་ཡིན་པར་ སྔར་ ༢༠༡༦་ ལོའི་ནང་གནང་བ་དེ་མུ་མཐུད་ནས་ཡིན་པ་དང་དེ་ནི་ང་ཚོས་རེ་སྐུལ་ཞུས་པ་མ་ཡིན་པར་སྐུ་སྒེར་ནས་མར་ཐག་ཆོད་གནང་བ་ཞིག་རེད། སྔ་ལོའི་དེབ་དེ་ཁོང་གི་བཀའ་བཞིན་ ༧་གོང་ས་མཆོག་ཕེབས་བར་ད་དུང་ཟླ་བ་གཅིག་ཙམ་འདུག་པའི་རིང་ལག་ལེན་སོ་བདུན་མ་སོགས་ཏོག་ཙམ་གོ་རྟོགས་ཐུབ་གནང་རོགས་གནང་རྒྱུ་དང་ ༧་གོང་ས་མཆོག་ས་གནས་ཁག་ཁ་ཤས་ཕེབས་རྗེས་འདི་གར་ཕེབས་རྒྱུ་དང་དེར་བརྟེན་སྐུ་ཐང་བརྙེས་རྒྱུ་ཡིན་པར་བརྟེན་ནས་མཛད་རིམ་ཐད་ལ་ཉིན་རྒྱབ་སྟོང་པ་བཞག་ཡོད་པ་དང་་སྐུ་ངལ་གསོ་ཆེད་སྔར་གྱི་མཛད་རིམ་ལྟར་གྲ་སྒྲིག་བྱེད་ཐུབ་མེད་པ་དང་། རི་ཀོན་དགོན་པར་ཕེབས་སྐབས་མི་མང་ལ་ལག་འཁྱེར་མེད་པ་དང་མི་མང་ནང་དུ་ཐར་དཀའ་མོ་རེད་ སྐུ་མགྲོན་མང་པོ་ཡོད་པ་དང་། སྲུང་སྐྱོབ་དྭང་བླངས་ནན་པོ་ཡོད་པས་ཕྱི་ནང་གང་སར་མི་ ༧༠༠ ནས་ ༨༠༠་ མ་གཏོགས་ཤོང་གི་མེད་པ་དང་ཕེབས་ལམ་དུ་མི་མང་ལངས་ནད་མཇལ་འདོད་ཡོད་པ་དག་གིས་སྐུ་སྲུང་བའི་ཁ་ལ་ཉན་པོ་གནང་རོགས་གནང་། ཉིན་གཉིས་པ་ས་གནས་  winterthur་ དུ་ལག་འཁྱེར་ཚང་མ་རྫོགས་ཟིན་པས་ཕྱི་ལོགས་སུ་སྒུག་སྡོད་པ་སོགས་མཇལ་འདོད་བྱེད་རིགས་ལ་གོ་སྐབས་མེད་པ་དང་། Hallenstadione མི་མང་ཚོུད་    ༧  པ་ནས་ཕེབས་དགོས་པ་དང་༧གོང་ས་མཆོག་ཕྱག་ཚོད་ ༩ པའི་ཐོག་ཕེབས་རྒྱུ་ཡིན་པས་བོད་པ་ཚང་མས་ཁྲིམས་རང་ཁུར་དང་སྡོམ་པ་རང་སྲུང་བྱས་ནས་རང་འཁྲིས་ལས་འགན་དག་ལ་ལྷོད་ཡངས་མེད་པ་རྡོག་རྩ་གཅིག་བསྒྲིལ་གནང་རོགས། གསུང་ཆོས་སྐབས་དངོས་པོ་གང་བྱུང་དང་A4 ལས་ཆེ་བའི་རྒྱབ་ཁུག་ཁྱེར་ཡོང་ན་ནང་དུ་གཏོང་གི་མེད་པ་མ་ཟད་ ནམ་རྒྱུན་ལྟར་མ་ཡིན་པར་ཕྲུ་གུ་གང་སར་མ་གཏོང་རྒྱུ་དང་ལྷག་པར་དུ་ ༧གོང་ས་མཆོག་ཉེ་འཁྲིས་སུ་ཕྲུ་གུ་རྩ་བ་ནས་མ་གཏོང་རོགས་གསུངས་གནང་སོང། སུད་སི་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་རྒྱ་མཚོ་ལགས་ནས་དེ་རིང་ཕེབས་པའི་རྒན་པ་རྣམས་སུ་རྒྱལ་ཁབ་མུ་མཐུད་གནས་དགོས་ན་སྐད་དང་ཡི་གེ་ལ་རག་ལས་པས་མ་འོང་བོད་ཀྱི་སོན་རྩ་རྣམས་ལ་ཉམས་མྱོང་གོ་རྟོགས་སེམས་ཤུགས་སྤེལ་ཐབས་རེ་སྐུལ་ཞུས་སོང༏

སྤྱི་ལོ་ ༢༠༡༨ ཟླ་བ་ ༠༨ ཚེས་ ༢༥
གསར་འགོད་པ་ཚེ་རིང་ནོར་བུས་སྤེལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 5 སྡོམས་རོགས།