ཨར་གྷའོ་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་སྨོན་ལམ་མཆོད་འབུལ

ཕྱི་ལོ་ ༢༠༡༢ ཟླ་བ་༡༡ ཚེས་ ༡༠ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་ནས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཆེད་སྨོན་ལམ་མཆོད་འབུལ་དང་སྦྲགས་  དྭང་བླང་སྤྱི་ཚོགས་ཞབས་ཞུ་བ་འོད་ཟེར་ལགས་དང་དཀོན་ཆོགས་ལགས་རྣམ་པ་གཉིས་ནས་གཙོ་སྐྱོང་གནང་བའི་༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་སྐྱེད་༽ཅེས་པའི་བགྲོ་གླེང་ཞིག་སྐོང་ཚོགས་གནང་ཡོད་པ་དང་། བགྲོ་གླེང་སྐབས་མཉམ་ཞུགས་གནང་མཁན་རྣམས་ལ་བསམ་ཚུལ་མ་འདྲ་བ་མང་པོ་བྱུང་ཡོད་ཀྱང་། མཐའ་དོན་གཞིས་བྱེས་བོད་མི་རྡོག་རྩ་གཅིག་སྒྲིལ་གནང་རྒྱུ་ཤིན་ཏུ་གལ་ཆེ་ཞིང་ དེ་ཡོང་ཐབས་ལ་འབད་བརྩོན་དགོས་གལ་སྤྱི་མོས་དང་། ལས་འགུལ་སོགས་སྤེལ་སྐབས་དཔལ་བྱོར་དཀའ་ངལ་སེལ་ཆེད་དཔལ་བྱོར་རོགས་རམ་ཚོགས་པ་ཞིག་དགོས་པ་སོགས་ཀྱི་བགྲོ་གླེང་ལྷུག་པོ་གནང་ཡོད་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 9 སྡོམས་རོགས།