ཨར་གྷའོ་ཚོགས་ཆུང་གི་ལོ་འཁོར་མི་མང་ཚོགས་ཆེན། 

དེ་རིང་རེས་གཟའ་ཉི་མ་སྟེ། ༢༠༢༣ ཟླ། ༡༡ ཚེས། ༡༩ ཉིན་ས་གནས་ཨར་གྷའོ་ཚོགས་ཆུང་གི་ལོ་འཁོར་མི་མང་ཚོགས་ཆེན་དེ་བཞིན་ཨ་རའོ་ཏེ་ལི་ཚོགས་ཁང་དུ་ལེགས་པར་ཚོགས་ཐུབ་པ་བྱུང་ཡོད།  ཆེས་ཐོག་མར་མང་ཚོགས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་ས་གནས་འཐུས་མི་ནས་ལོ་འཁོར་ལས་བསྡོམས་སྙན་གསེང་ཞུས།  དམིགས་བསལ་སྐུ་མགྲོན་དུ་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཚོགས་གཞོན་བསྟན་འཛིན་དབང་འདུད་ལགས་གདན་ཞུས་གནང་ཡོད་པ་དང་ས་གནས་ཨར་གྷའོ་ཚོགས་ཆུང་གི་མང་ཚོགས་ལ་བོད་ཀྱི་རྩ་དོན་ལ་སེམས་འཁུར་སྔར་ལྷག་མུ་མཐུད་གོང་སྤེལ་ཡོང་བའི་བཀའ་སློབ་བསྩལ།  དེའི་རྗེས་རིམ་བཞིན་དངུལ་གཉེར་ནས་རྩིས་ཕྲ་སྒྲོགས་བྱང་དང་ས་གནས་བོད་སློབ་འགན་འཛིན་ནས་བོད་སློབ་ཀྱི་གནད་དོན་སྐོར་གསལ་བཤད་སོགས་གནང་ཡོད།
ད་རེའི་ཚོགས་ཆེན་འདི་བཞིན་སྐབས་བཅོ་བརྒྱད་པའི་མི་མང་འདུ་འཛོམས་ཀྱི་ཚོགས་ཆེན་མཐའ་མ་དེ་ཡིན་པར་སོང་རྒྱུན་ལས་དང་མི་མང་གི་དབར་ལ་དམིགས་བསལ་མྱོང་ཚོར་དང་བསམ་ཚུལ་བརྗེ་ལེན་སོགས་ལེགས་པར་གནང་ཡོད།
དེ་རིང་གི་གནད་དོན་གཞན་གལ་ཆེ་ཁག་དུ་མ་ཞིག་ཡོད་པ་དེ་དག་ཞིབ་ཕྲ་གསན་གཟིགས་གནང་འདོད་ཡོད་ན་སུད་སི་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ངོ་དེབ་དྲ་རྒྱ་ཐོག་མཇལ་ཐུབ།

ས་གནས་འཐུས་མི་ནས

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།