ཨར་གྷའོ་བོད་སློབ་རི་ཀོན་ཆོས་འཁོར་དགོན་དུ་འཛིན་གྲྭ་མཉམ་ཞུགས་གནང་།
༢༠༢༡ ཟླ། ༡༡ ཚེས། ༢༠ ཉིན་ཨར་གྷའོ་བོད་སློབ་ཀྱི་སློབ་མ་དང་། ཁྱིམ་བདག་ཕ་མ། དེ་བཞིན་བོད་སློབ་འགན་འཛིན་དང་བོད་དགེ་རྣམ་པ་བཅས་རི་ཀོན་ཆོས་འཁོར་དགོན་དུ་ཉིན་གང་སི་ཤེས་ཡོན་སློབ་གསོ་ (SEE Learning) སོགས་ཀྱི་འཛིན་གྲྭ་བཅས་ལ་མཉམ་ཞུགས་གནང་ཡོད།
ཕྱི་དྲོའི་དཀར་སྐྱོང་གི་གསོལ་ཚིགས་དང་བར་གསེང་སྐབས་ཀྱི་བཏུང་བ་རིགས་མཐའ་དག་ས་གནས་ཨར་གྷའོ་ཚོགས་ཆུང་ནས་འཐུན་འགྱུར་གནང་ཡོད།
གོ་སྐབས་འདི་དང་བསྟུན་རི་ཀོན་ཆོས་འཁོར་དགོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་སྐྱབས་གནས་དགེ་བའི་གཤེས་གཉེན་ཡོངས་ལ་ཕན་ནུས་ལྡན་པའི་སློབ་འཁྲིད་ཀྱི་གོ་སྐབས་མཐུན་འགྱུར་སོགས་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བར་འདོད།
ཨར་གྷའོ་བོད་སློབ་དང་རིག་གཞུང་སྡེ་ཚན་ནས་གུས་འདུད་བཅས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།