ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇོན་མེཀ་ཀན་མཆོག་གིས་བོད་ཀྱི་གནད་དོན་གླེང་སློང་གནང་བ།
༢༠༡༢ ཟླ་ ༢ ཚེས་ ༡༧ རེས་གཟའ་པ་སངས།༄༅། །ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཇོན་མེཀ་ཀན་མཆོག་གིས་བོད་ཀྱི་གནད་དོན་སྐོར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ལ་གླེང་སློང་གནང་འདུགདེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ ཉིན་རྒྱ་ནག་གཞུང་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ལ་ལྟ་སྐོར་དུ་སླེབས་ཏེ་གྲོས་ཚོགས་ཀྱི་འཐུས་མི་དང་ཐུག་འཕྲད་གནང་སྐབས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོན་མེཀ་ཀན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པར། རྒྱ་ནག་གི་དཔལ་འབྱོར་གྱིས་མཚོན་ཡར་རྒྱས་ཁག་ལ་བསྔགས་བརྗོད་གནང་བ་དང་ཆབས་ཅིག་སྟབས་མ་ལེགས་པ་ཞིག་ལ་དུས་ད་ལྟའི་ཆར་ཡང་བོད་ནང་གི་གྲྭ་བཙུན་མང་དག་ཅིག་རང་ལུས་མེར་སྲེག་བཏང་དང་གཏོང་མུས་རེད། དེ་བཞིན་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཡང་བཟང་བཙོན་འོག་གནས་མུས་ཡིན་པ་མ་ཟད། འཛམ་གླིང་ནང་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོབས་ལ་ཉེན་ཁ་ཚབས་ཆེན་བཟོ་མཁན་བྱང་ཀོ་རི་ཡར་རྒྱ་ནག་གཞུང་ནས་མུ་མཐུད་དེ་རྒྱབ་སྐྱོར་བྱེད་བཞིན་པ་སོགས་ཀྱི་ཐོག་རྒྱུ་མཚན་ཇི་ཡིན་ཐད་ཀར་དྲི་བ་བཏོན་འདུག་པ་བཅས། །
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།