སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལེགས་གྲུབ་ཀྱིས་ནོར་ཝེ་ཡུལ་དུ་ཆིབས་ཞལ་བསྒྱུར་བ།

༢༠༡༥  ཕྱི་ཟླ་  ༢  ཚེས་  ༦/༨  རེས་གཟའ་པ་སང་ཉིན་ནས་སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅོ་ལྔ་པའི་ས་གནས་འཐུས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཕུར་ཚུགས་སུ་བཏབ་དོན་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་འདི་གར་ཞབས་སོར་བཀྲིན་ཆེ་ཐོག་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་དང་།  བཀའ་གདམས་དགེ་བཤེས་གླང་རི་ཐང་པ་རྡོ་རྗེ་སེང་གེས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མ།  དེ་བཞིན་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཅས་བཀྲིན་ཆེ་རྒྱུ་སོགས་ཀྱི་མཛད་རིམ་རྣམས་ད་ལམ་ས་གནས་བོད་རིགས་མི་མང་གི་གལ་ཆེའི་སྒྲིག་འཛུགས་ཤིག་གིས་དགེ་ཕན་ཆེ་བའི་མཛད་རིམ་འདི་ལྟ་བུ་ཞིག་དུས་ཚོད་ཐུང་ཐུང་ནང་ཚང་མས་ཁུར་མཉམ་ལེན་དང་ནུས་པ་གཅིག་སྤུངས་གཅིག་བསྒྲིལ་དམ་གཟབ་ངང་གཙོ་བོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པ་དང་མང་ཚོགས་མགུ་བའི་རྣམ་དཀར་དགེ་བའི་སྲི་ཞུ་སྒྲུབ་ཐུབ་པ་བྱུང་བ་ནི་དགའ་སྤོབས་ཡི་རང་གི་གནས་ཚུལ་ཞིག་ཡིན། ཕྱི་ནང་མི་སྣ་དང་སྒྲིག་འཛུགས་ཚོགས་སྡེ་སོགས་འབྲེལ་ཡོད་མི་མང་ཡོངས་ནས་ལྷག་བསམ་གོང་བུ་ཆིག་སྒྲིལ་གནང་སོང་བར་སྙིང་ཐག་པ་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་བ་དང་དགེ་ཚོགས་རྣམས་འཕྲལ་ཡུན་ཆོས་མཐུན་བསམ་དོན་ལྷུན་གྱིས་འགྲུབ་པ་དང་། མཐར་ཐུག་བླ་མེད་རྫོགས་བྱང་གི་རྒྱུར་འགྲོ་བའི་བསྔོ་སྨོན་དགའ་སྒོམ་གནང་གལ་བཅས་འཆར་ལ་ཉེ་བའི་བོད་རྒྱལ་ལོ་ ༢༡༤༢ རབ་གནས་ཤིང་ལུག་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་བཅས། ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་སྐུ་འཁོར་རྣམས་འབྲེལ་ཡོད་མཛད་གཙོ་རྣམས་དང་དད་ལྡན་མི་མང་བརྒྱ་ཕྲག་བརྒལ་བའི་ཕེབས་སྐྱེལ་གཟབ་རྒྱས་དང་བཅས་སྐུ་ཁམས་གསལ་ཞིང་དགྱེས་འཚོར་ཆེན་པོའི་ངང་ནོར་ཝེ་ཡུལ་དུ་ཆིབས་ཞལ་བསྒྱུར་གནང་རྒྱུར་སོང་བའི་གནས་ཚུལ།  ཐེངས་འདིའི་མི་སྨོན་རང་སྐྱིད་ཀྱི་ལས་དོན་ཚགས་སུ་ཚུད་པ་ནི་ཕྱི་ནང་འབྲེལ་ཡོད་ཡོངས་དང་།  ལྷག་པར་སྐུ་ཚབ་དོན་གཅོད་ཁང་སོགས་ཀྱི་བཀའ་དགོངས་མང་ཚོགས་ཕྱོགས་ཡོངས་ནས་དམ་ཚིག་རྡོག་རྩ་ཆིག་བསྒྲིལ་གནང་བས་གྲུབ་འབྲས་ཤིག་ཏུ་སོང་སྐབས་བཅོ་ལྔ་པའི་འཐུས་ཚོགས་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 1 སྡོམས་རོགས།