སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟེགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་སྐལ་བཟང་གི་དུས་དྲན་དགའ་སྟོན་གྱི་མཛད་སྒོ།

སྤྱི་ལོ་ ༢༠༢༣ ་ལོ་ཟླ་ ༡༢ པའི་ཚེས་ ༠༩ རེས་གཟའ་སྤེན་པའི་ཉིན་ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པའི་དབུ་ཁྲིད་། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེ་གཟེངས་རྟེགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༤ ཧྲིལ་པོ་འཁོར་བའི་སྐལ་བཟང་གི་དུས་དྲན་དགའ་སྟོན་གྱི་མཛད་སྒོ་ཚོགས་སོང་།

ཉིན་རྒྱབ་ཆུ་ཚོད་ ༡༣་༠༠ ཐོག་མཁན་བླ་དགེ་འདུན་རྣམ་པའི་དབུས་ཕྱི་ནང་གི་སྐུ་མགྲོན་གཙོ་བོ་རྣམས་དང་མཛད་གཙོ་་རྣམས་གཙོ་བྱས་པའི་མི་མང་སྟོང་ཕྲག་བརྒལ་བས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་དང་། རོལ་གླིང་བཅས་པའི་སྔོན་བསུས་ཏེ་བཞུགས་ཁྲིར་མངའ་གསོལ་ཞུས་པ་དང་། རིམ་གཞིན་གཞས་སྣ་གཟིགས་འབུལ་འགའ་བྱས་སོང་།
སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་ཚོགས་གཙོས་དུས་དྲན་དང་འབྲེལ་བའི་བའི་གསུང་བཤད་གནང་དོན། ཉེ་བའི་ཆར་ང་ཚོ་ས་གནས་སུ་ཡང་༧་གོང་ས་མཆོག་ལ་མཚད་་སྨད་ཞི་མཁན་རེ་འགའ་བྱུང་བ་ནི་་ཧ་ཅང་གིས་སེམས་པ་སྐྱོ་བའི་གནད་དོན་ཞིག་ཡིན་པ་དང་། མ་འོངས་པར་དེ་འདྲ་མི་ཡོང་བའི་སྨོན་འདུན་ཞུ་གི་ཡོད།་ གོང་ས་མཆོག་ལ་མཚད་སྨད་ཞུ་མཁན་ལ་བོད་རིགས་མང་པོ་ཞིག་ནས་གདུང་ལེན་ཡག་པོ་བྱས་པར་བསྔགས་བརྗོད་ཡོད། རྩ་བའི་ཆ་ནས་ང་ཚོ་ཚོལ་གསུམ་བོད་རིགས་སྤུན་ཟླ་མཐུན་སྒྲིལ་བྱེད་དགོས་པ་དང་༧གོང་ས་མཚོག་གི་བཀའ་གསུངས་ཇི་སྒྲུབ་བྱེད་དགོས་བའི་ནན་བསྐུལ་ཞུ་གི་ཡོད།

ཆུ་ཚོད་ ༡༥ ༠༠ ས་་གནས་བོད་ཡིག་སློབ་གྲྭ་ཁག་ནས་གཞས་སྣ་གཟུགས་འབུལ་གྱ་ནོན་པ་ཞིག་བྱས་སོང་།་གཞས་སྣ་འཁྲབ་སྟོན་ལོ་ན་ག་ཧ་ཅང་ཆུང་རྣམས་ཀྱིས་མིག་དཔེར་འོས་བ་ཞིག་བྱས་སོང་།
གསུངས་བཤད་ཀྱི་ལས་རིམ་ནང་་དང་པོ་རི་ཀོན་ཚོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གསར་པ་མཆོག་ནས་བཀའ་སློབ་ལམ་སྟོན་གསུངས་རྒྱུར་སྤྱི་ནོར་གོང་ས་སྐྱབས་མགོན་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ང་ཆོ་མེེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱས་སོང་བ་ཞིག་་རེད།
༧གོང་ས་མཆོག་གི་དགོངས་གཞི་གཞིར་བཞག་ཐོག་ནང་ཆོས་དང་་ཚན་རིག་མཉམ་འབྲེལ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་།ནང་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་ང་ཚོས་འཛམ་གླིང་མི་མང་ལ་ལེགས་སྐྱེས་འབུལ་ཐུབ་གི་ཡོད་རེད། དད་པ་མེད་ཀྱང་ལས་ཀ་མ་ནོར་བ་ཞིག་བྱེད་མཁན་ཡིན་་དགོས་པ་དང་ལས་ཀ་ནོར་ཡང་ལྷག་བསམ་རྣམ་དག་ཡིན་དགོས་པ་རེད། མ་མཐའ་ཡང་རྒྱ་མིའི་རྒྱུགས་ཁྱི་མིན་པ་ཞིག་བྱེད་དགོས།
བོད་མི་སུ་ཞིག་ཡིན་ན་ཡང་ཡུལ་མི་ནས་་མིག་དཔེར་བལྟ་འོས་བ་ཞིག་བྱེད་དགོས། བོད་རང་བཙན་མ་ཐོབ་པར་དུ་བོད་མི་རྣམས་ཀྱིས་ཡུལ་མི་ལ་ཕན་པ་དང་རང་དོན་ཡང་འཐུས་ཤོར་མེད་པ་་ཞིག་བྱེད་དགོས་སོགས་གསུངས་གནང་སོང་།

དེ་ནས་ཡོ་རོབ་སྤྱི་འཐུས་སྐུ་ངོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་གསུངས་བཤད་གནང་དོན ལོ་ངོ་༢༠༠༠ལྷག་གི་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་ཆེན་མོར་རྒྱ་ནག་གིས་བོད་ལ་འདྲེ་ལག་བརྐྱངས་པ་ནས་བཟུང་བོད་མི་རྣམས་འཛམ་གླིང་ཡོངས་ལ་འཐོར་ཡོད་ཀྱང་དམངས་གཙོ་ཚད་ལྡན་གྱི་གཞུང་ཞིག་བཙུགས་ཡོད་པ་ནི་༧རྒྱལ་བ་དོན་གྱི་བདག་པོ་ཁོ་ནའི་བཀའ་དྲིན་རེད།
ད་ལྟའི་དུས་འདིར་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་མཚད་སྨད་དང་དབུས་བོད་མིའི་སྒྲིག་འཛུགས་ལ་གཏོར་བཤིགས་བྱེད་མཁན་ཚོགས་པའི་རིགས་ལ་ལ་ཚང་མས་མཐའ་གཅིག་དུ་ངོ་རྒོལ་བྱེད་དགོས། གང་ཟག་སྒེར་དེ་འདྲ་ཡིན་ན་སྙིང་རྗེ་བསྒོམ་དགོས་།དེ་ནི་རྨོངས་པ་དང་མ་ཤེས་པ་ནས་ཡོང་གི་ཡོད་རེད། བོད་ཀྱི་རྩ་དོན་གྱི་མཐའ་མའི་དམིགས་ཡུལ་ནི་བོད་ཆོལ་གསུམ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྐྱིད་བྱེད་དགོས་བ་དེ་རེད།

དེ་ནས་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་མཆོག་ནས་གསུངས་དོན། ང་ཚོ་བོད་པའི་སློབ་ཕྲུག་རྣམས་ཀྱིས་བོད་གཞས་སྦྱོང་བ་དང་གཟའ་མཇུག་ལ་བོད་ཡིག་འཐུས་ཤོར་མེད་པ་བྱེད་བཞིན་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།
སྤྱི་འཐུས་སྒེར་ང་རང་ལ་མཚོན་ན་ཡང་ཁྲིམས་དང་སྒྲིག་གཞི་གོང་དུ་བཀུར་ནས་ལས་ཀ་ལས་གི་ཡོད། ང་ཚོ་ལ་དཀའ་ངལ་རེ་འགའ་འཕྲད་གྱིན་པ་དེ་ཚོར་གདོང་ལེན་བྱེད་གིན་བྱེད་གིན་འགྲོ་དགོས་རེད། དཀའ་ངལ་ག་རེ་འཕྲད་ཀྱང་དེ་ལ་སེལ་ཐབས་རེ་ཡོད་པས་རྒྱ་ཆེ་མང་ཚོགས་ཀྱིས་དེ་ལ་སེམས་མི་སྐྱིད་པ་དེ་འདྲ་མ་བྱེད་རོགས་ཞུ་གི་ཡིན་ཞེས་སོགས་གསུངས་སོང་།
རིམ་གཞིན་གཞས་སྣ་གཟུགས་འབུལ་ཞུ་མཁན་མདོ་སྨད་ཆོལ་ཁ་དང་དབུས་གཙང་ཆོལ་ཁ། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ཀོང་པོ་སྐྱིད་སྡུག་ཚོགས་པ། ལྷ་སའི་བུའི་མཐུན་ཚོགས། འཕན་པོ་སྐྱིད་སྡུག་ཚོགས་པ། བོད་རིགས་མི་མང་ཟློས་གར་ཚོགས་པ། ལྷག་པར་བོད་ཡིག་སློབ་གྲྭ་ཡག་ཤོས་གྲལ་མང་དག་ཅིག་ནས་རྒྱ་ཆེ་མང་ཚོགས་ཀྱི་མིག་དབང་བསུ་བའི་འཁྲབ་སྟོན་གྱ་ནོན་པ་ཞིག་བྱས་རྗེས་མཐའ་མ་དེ་དེར་སྐོར་གཞས་འཁྲབ་བཞིན་དུས་དྲན་གྱི་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་མཇུག་སྒྲིལ་སོང་།

གསར་འགོད་པ་དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།