སྐྱབས་རྗེ་ཀིརྟི་རིནཔོ་ཆེ་ནས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ལ་བཀའ་སློབ།
༢༠༡༣ ལོའི་ཟླ་༣ ཚེས་ ༣ རེས་གཟའ་ཉི་མའི་ཉིན་ས་གནས་ཡོ་ནར་ཚོགས་ཁང་དུ་ས་གནས་ཚོགས་གཙོ་སྦྲེལ་པོ་གཙོའི་ཆོས་འཁོར་དགོན་གྱི་དགེ་འདུན་པ་དང་སྤྱི་ཟུར་རྣམ་པ། ས་གནས་དོན་གཅོད་མཆོགཚོགས་པ་ཁག་གི་མཛད་གཙོ་དང་འཐུས་མི་ཡོངས་ནས་བཀའ་ཟུར་སྐྱབས་རྗེ་ཀིརྟི་རིནཔོ་ཆེ་སྐུ་ཕྲེང་བཅུ་གཅིག་མཆོག་དགའ་བསུས་ཕེབས་སུ་ཞུས། ཚོགས་གྲལ་དུ་འཁོད་པ་དང་མཛད་རིམ་ལྟར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང། སྐར་ཕྲ་གཅིག་ལ་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམ་པས་ཆེད་དུ་ངག་བཅད་ཞུས། ས་གནས་སྒྲིག་འཛུགས་ཚོགས་གཙོ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང་དོན་གཅོད་མཆོག
ནས་སྐུ་ཉིད་ཡུ་རོབ་དུ་ཕེབས་དོན་དང་མཛད་རིམ་ངོ་སྤྲོད་གནང། མི་མང་༢༠༠ལྷག་འཛོམས་སར། དེ་ནས་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ནས་བོད་ཕྱི་ནང་ལ་ཕྲད་པའི་ཛ་དྲག་གི་གནས་རིམ་ངོ་སྤྲོད་ གནང་གསལ་ལ་ད་ལྟ་བོད་དུ་རྒྱ་དམར་གྱིས་སྲིད་ཇུས་ངན་པས་ཉེར་ལན་ལ་བརྟེན་ནས་བོད་པ་ཚོས་ངོ་འགོལ་རིམ་པ་བྱས། རྒྱ་དཔོན་མོ་ཡིས་བཤད་པ་ལྟར་གང་ལ་གཉའ་གནོན་ཡོད་ན་དེ་ལ་ངོ་འགོལ་ཡོད་ཟེར་བ་བཞིན་བོད་པ་ལ་རྒྱ་གཞུང་གིས་བཙན་དབང་དང་བོད་པ་རྩ་མེད་བཟོ་རྒྱུའི་འཆར་གཞི་དེ་ལས་བྱུང་པ་ཞིག་རེད། དཔེར་ན་རང་སྐད་སྦྱང་རྒྱུའི་དབང་མེད་པ། རང་ས་རང་ལ་མི་དབང་པ། ཆོས་དད་རང་དབང་མེད་པ། འགྲོ་བསྐྱོད་ཀྱི་རང་དབང་མེད་པ། བོད་ས་དམག་སར་འགྱུར་བ། མཐའ་ན་ མི་རྒྱུད་འཕེལ་མ་གཅུག་པ་རང་ས་གྲངས་ཉུང་མི་རིགས་ཞིག་ཏུ་གྱུར་པ། བོད་ས་ཡར་རྒྱས་བཏང་ཡོད་ཟེར་བས་གར་རྟེགས་ནང་དུ་ལས་སྣེ་དང་ས་ཆ་ཡག་ས་ཚང་མ་རྒྱ་མི་ལ་བདག་པ་ལས་ས་སྐྱེ་རྡོ་སྐྱེ་ཡི་བོད་པ་ཚོ་ལ་ཐོབ་ཐང་མེད་པ། བོད་ཀྱི་འཁོར་ཡུག་ལ་གཏོར་སྐྱོན་བཏང་བ། གནས་ཚུལ་དེ་དག་ལ་བརྟེན་ནས་ཀིརྟི་དགོན་གྱི་སྐུ་ཞབས་བཀྲ་སྦེ་ནས་བཟུང་དུས་ད་ལྟ་བར་བོད་ས་ཡོངས་ནས་སེར་སྐྱ་མི་མང་གྲངས་༡༠༧རང་ལུས་མེ་ལ་སྒྲོན་ནས་འཚེ་མེད་ཞི་བས་ངོ་འགོལ་གནང་མུས་རེད། ཡིན་ན་མི་རེ་ཟུང་གིས་དེ་ནི་འཚེ་བ་རེད་གསུང་མཁན་ཡང་ཡོད། ངའི་བསམ་པ་ལ་དེ་ནི་འཚེ་བ་མ་རེད། དེ་འཚེ་བ་ཡིན་ན་སངས་རྒྱས་ཀྱི་སྐྱེ་རབ་ནང་སྟག་མོ་ལྔ་ལ་རང་ལུས་སྦྱིན་པ་བཏང་པ་དེ་ཡང་འཚེ་བ་ཡིན་པ་རེད། ཁོང་གིས་སྟག་མོ་ལྔ་ལ་ལུས་སྦྱིན་ལས་ཕན་ཡོན་དེ་ལྟར་ཡོད་ན་མེ་སྦྱིན་གྱིས་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་བསྔོས་པས་དགེ་བ་ལས་འཚེ་བ་ཡིན་མི་སྲིད། སྤྱིར་འཚེ་བས་དོན་ནི་གཞན་ལ་གནོད་པ་བྱས་པ་ཞིག་ལ་གོ་དགོས། གཞན་མེ་སྦྱིན་གནང་མཁན་གྱི་ནང་མི་དང་ཉེན་ཚན་ཚོ་ལ་མི་བསད་པས་ཉེས་མིང་འོག་ཁྲིམས་ཐག་དང་སྲོག་ཐག་འདྲ་མིན་བཅོད་ཀྱིན་ཡོད་པ་སྐྱོབས་ཐབས་གནང་དགོས། གོང་ས་མཆོག་གིས་བཀའ་སློབ་རྣམས་ཚིག་འབྲུ་རེ་རེ་བཞིན་བསམ་བློ་གཏོང་བ།
གཞུང་ས་དགའ་ལྡན་ཕོ་བྲང་འཚམས་བཞག་ནས་རང་གཞུང་གསར་པ་ལ་རྒྱབ་སྐྱོར་དང་རྡོག་རྩ་གཅིག་ཏུ་གྱུར་དགོས་པ་ཧ་ཅང་གལ་ཆེ། རེ་ཟུང་གིས་གསུང་རྒྱུ་ལ། མེ་སྦྱིན་གནང་བས་ཕན་ཐོག་གང་ཡོད། འཕྲོ་བརླག་རེད། བཀའ་མོལ་དེ་དག་ནོར་བ་རེད་སྔོན་ཆོས་རྒྱལ་ཚོས་སྐབས་དང་དགའ་ལྡན་ཕོ་བྲང་གི་དུས་རབས་ལ་ཡང་བོད་ས་ཡོངས་རྫོགས་གཅིག་ཏུ་འགྱུར་ཐུབ་ཡོད་མ་རེད། ད་ལྟའི་མེ་སྦྱིན་དེས་བོད་པ་ཡོངས་རྫོགས་གཅིག་ཏུ་འགྱུར། དེ་ནི་ཁོང་ཚོས་ཕུགས་དོན་དང་ལུས་སྦྱིན་གནང་བས་ཕན་ཐོག་མ་རེད་དམ། རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཡིན་ན་ཡང་བོད་འབངས་བཅུས་མ་ཞིག་གི་འགན་ཐོབ་གི་ཆ་ནས་ལུས་སེམས་གང་ཅོག་གིས་བོད་ལ་ཡོད་པའི་མི་མང་ཚོས་རེ་བལྟོས་ཆུད་ཟོས་སུ་མ་འགྲོ་བ་ཞིག་བྱེད་འདོད་ཡོད་དེ་དང་དེ་བཞིན་བོད་པ་ཚོས་མི་རེ་ངོ་རེའི་ལས་འགུལ་སོ་སོས་གང་ཐུབ་ཀྱིས་འབད་རྒྱུའི་འབོད་སྐུལ་གནང་གསལ་འགོད་པ་སྟག་ཚང་མགོན་དགའ་ནས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།