སྐུའི་འཁྲུངས་སྐར་གྱི་དངོས་གཞི་རི་ཀོང་དགོན་དུ་བརྩི་སྲུང་བྱས།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་བཀོད་སྒྲིག་བྱས་པའི་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དངོས་གཞི་དེ་ཟླ་བདུན་པའི་ཚེས་དྲུག་གི་ཉིན་ས་གནས་རི་ཀོང་ཆོས་འཁོར་དགོན་དུ་བརྩི་སྲུང་བྱས་སོང་།

དེ་ཡང་སྤྱི་ཚེས་དྲུག་གི་ཞོགས་པའི་ཕྱག་ཚོད་༩་དང་ཕྱེད་ཀའི་ཐོག་ས་གནས་དེའི་ཁུལ་གྱི་འབྲེལ་ཡོད་མི་སྣ་གལ་ཆེན་ཁག་དང་ཚོགས་པ་སྐྱིད་སྡུག་ཁག་གི་མཛད་གཙོ་ལྷན་རྒྱས། དེ་བཞིན་ས་གནས་མི་མང་སུམ་བརྒྱ་ལྷག་གིས་དགའ་སེམས་འཁོལ་བའི་ངང་ནས་སྐྱེ་འགྲོ་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་མངའ་གསོལ་ཞུས།
རི་ཀོང་ཆོས་འཁོར་དགོན་གྱིས་དགེ་འདུན་གྱི་སྡེ་ནས་དབུ་ཁྲིད་དེ་མང་ཚོགས་རྣམ་དང་ལྷན་དུ་རྒྱལ་བའི་ཞབས་བརྟན་དང་སྨོན་ལམ་སོགས་ཆོས་ལུགས་ཀྱི་ཆོལ་ག་བྱས་རྗེས་མགོན་པོ་མཆོག་དགུང་གྲངས་༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་སྒོང་ཟས་གཏུབ་པ་སོགས་ཀྱི་རྟེན་འབྲེལ་གྲུབ་མཚམས་སུ་༧གོང་ས་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མི་མང་གི་མཇལ་ཁ་ཞུས།

ཕྱག་ཚོད་༡༡ ནས་རི་ཀོང་ཆོས་འཁོར་དགོན་གྱི་མདུན་ཐང་དུ་མི་མང་ལྷན་འཛོམས་ཀྱི་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བླངས་པ་དང་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་ཟིན་པ་རྣམ་ལ་མྱ་ངན་ངག་བཅད་ཀྱང་གནང་། དེ་བཞིན་མཛད་གཙོ་རྣམ་པ་ཁག་གི་དུས་ཆེན་དང་འབྲེལ་བའི་གསུངས་བཤད་དང་དབུས་བོད་ནི་བཀའ་སྤྱི་གཉིས་ཀྱི་བཀའ་ཡིག་གསུངས་འཕྲིན་མི་མང་ལ་སྙན་སྒྲོན་ཞུས་རྗེས་མི་མང་ཟློས་གར་གྱི་དབུས་ཚོགས་པ་སྐྱིད་སྡུག་ཁག་གི་གཞས་སྣ་གཟུགས་འབུལ་སོགས་དགའ་སྤྲོ་རྣམ་པའི་ངང་མཛད་སྒོ་མཇུག་བསྡུས།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།