སྐུ་བཅར་སྨན་པ་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་མཆོག

༢༠༡༤  ཕྱི་ཟླ་  ༥  ཚེས་ ༧ ཉིན་རྡ་ས་དབུས་སྨན་རྩིས་ཁང་གི་སྐུ་བཅར་སྨན་པ་སྨན་རམས་པ་བཙུན་མ་བསྟན་འཛིན་ལྷ་སྒྲོན་མཆོག  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་ཡུལ་གྲུ་ཁག་ཅིག་ཏུ་བསྟན་འགྲོའི་བདེ་དོན་ཆེད་ཞབས་སོར་བཀྲིན་ཆེ་སྐབས་དང་སྟབས་བསྟུན་གྱི་སུད་སིར་ཕྱི་ཚེས་ ༡༦  བར་སྐུ་བཞུགས་གནང་བ་དང་།  ཕྱི་ཟླ་ ༥ ཚེས་ ༤  རེས་གཟའ་སྤེན་པར་འཐུས་ཚོགས་སུ་བཀའ་བསྡུར་བྱུང་དོན་ཕྱི་ཚེས་  ༡༠ རེས་གཟའ་སྤེན་པར་ཡོ་ནཱར་ཞོགས་པ་ཚོུད་ ༡༠ ནས་ཕྱི་དྲོ་ ༡༧  བར་དང་།  ཕྱི་ཚེས་ ༡༡  རེས་གཟའ་ཉི་མར་ཛུས་རིག་མི་མང་ལས་ཁུངས་སུ་ཞོགས་པ་ཚོུད་ ༡༠  ནས་ཕྱི་དྲོ་ཚོུད་ ༡༧ བར་སྐུ་ངལ་འཛེམས་མེད་ནད་པར་བརྟག་དཔྱད་གནང་བར་གོང་གསལ་ས་ཁུལ་ཁག་ཏུ་བོད་མི་ ༤༠  བརྒལ་བར་རང་ལུགས་སྨན་བཅོས་བརྟག་དཔྱད་གནང་ཏེ་ཕན་འབྲས་བླ་མེད་བྱུང་སོང་བའི་གནས་ཚུལ།  སྒོ་སྤེ་ཡོན་ཏན་གྱིས།  ༢༠༡༤ ཕྱི་ཟླ་ ༥ ཚེས་  ༡༢ ཉིན་ཕུལ།།

  

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 9 སྡོམས་རོགས།