སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ པའི་འཐུས་མི་གསར་འདེམ་གནང་རྒྱུ།
ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༣༠ ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྐབས་ ༡༨ པའི་འཐུས་མི་གསར་འདེམ་གནང་རྒྱུ་དང་། དེ་ཡང་རྒྱུན་ལྡན་ལྟར་ན་འཐུས་མི་གསར་འདེམས་སྐབས་སྔོན་འགྲོ་དང་དངོས་གཞི་གཉིས་ཉིན་གཅིག་ནང་གནང་སྲོལ་ཡོད་ཀྱང་། ད་ལོའི་ནད་ཡམས་ཀྱི་རྐྱེན་པས་ཉིན་གཅིག་ནང་གནང་ཐུབ་ཀྱི་མེད་པ་རེད་།
༡༽ སྔོན་འགྲོའི་འོས་གཞི་ཚོགས་ཆུང་སོ་སོ་ནས་ཐབས་ལམ་བཙལ་ཏེ་དྲྭ་ཐོག་ནས་འདེམས་ཐུབ་པ་དགོས་རྒྱུ་དང་
༢༽ ཚོགས་ཆུང་རེ་ནས་འོས་མི་གསུམ་ལས་མི་ཉུང་བ་ཚེས་ ༢༣ ཉིན་སྔོན་འགྲོའི་འོས་གཞིའི་ཁོངས་ནས་གདམ་ཐོན་གནང་དགོས་ཡོད་པ་རེད།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།