སྐབས་གསུམ་པའི་སུད་སི་མ་ཧཱ་གུ་རུའི་འབུམ་ཚོགས་ལེགས་གྲུབ་བྱུང་བ།

དགོངས་པར་མངའ་གསལ་བཞིན་ཨ་རིར་རྟེན་གཞི་བྱས་པའི་ས་སྐྱ་སྙན་བརྒྱུད་བསམ་གཏན་ཆོས་གླིང་ཆོས་ཚོགས་ཀྱི་དྭངས་བླངས་ཐུགས་བསྐྱེད་འོག་སུད་སི་རྒྱལ་ཡོངས་མ་ཧཱ་གུ་རུའི་འབུམ་ཚོགས་གྲ་སྒྲིག་ཚོགས་ཆུང་ནས་༧རྒྱལ་བའི་སྐུ་ཕྱྭ་དང་བོད་བསྟན་སྲིད་བདེ་ཐབས་ཆེད་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་འབུམ་ཚོགས་ཀྱི་ཚོགས་མགོན་དུ་རིས་མེད་ཀྱི་བླ་ཆེན་རེ་གདན་ཞུས་ཐོག་ལོ་ལྟར་ཚོགས་མུས་ལྟར་ད་ལམ་སྐབས་གསུམ་པའི་གུ་རུའི་འབུམ་ཚོགས་ཕྱི་ལོ་༢༠༡༢ ་ཕྱི་ཟླ་༨ ཚེས་༨ ནས་ ༡༢  བར་ཉིན་གྲངས་ལྔའི་རིང་སྔ་འགྱུར་རྙིང་མའི་བསྟན་པའི་སྲོག་ཤིང་རྒྱལ་བསྟན་གསལ་བའི་སྒྲོན་མེ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་འབུམ་ཚོགས་ཀྱི་ཚོགས་མགོན་དབུ་བླར་དབུ་བཞུགས་ཐོག་སྤྲུལ་སྐུ་རྣམ་པ་དང་། རི་ཀོན་དགོན་པའི་མཁན་རིན་པོ་ཆེ་མཆོག་གི་གཙོས་པའི་མཁན་པོ་རྣམ་པ་དང་། གཞན་ཡང་རྩེ་རྣམ་རྒྱལ་གྲྭ་ཚང་གི་དབུ་མཛད་དང་མཆོད་དཔོན་རྣམ་གཉིས། དེ་བཞིན་སུད་སི་ཚེས་བཅུ་ཚོགས་པ་ཀུནབཟང་མདོ་སྔགས་གླིང་གི་དབུ་འཛིན་བྱམས་པ་རིན་པོ་ཆེ་མཆོག་དང་། བསླབ་གསུམ་སྡེ་སྣོད་འཛིན་པ་སྐྱབས་གནས་དགེ་འདུན་གྱི་སྡེ་དང་གོས་དཀར་ལྕང་ལོ་འཆང་བའི་སྔགས་པའི་སྡེ། དེ་བཞིན་བོད་མི་དམངས་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས། ཡུ་རོབ་སྤྱི་ཟུར་གང་གཞོན་ཚང་ངག་དབང་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་དམངས་ཀྱི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ ལགས། ཚོགས་གཞོན་བསམ་པ་དོན་གྲུབ་ལགས། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་ལམ་བྲག་པདྨ་ལགས། དེ་བཞིན་སུད་སི་གནས་སྡོད་བོད་རིགས་སྤུན་ཟླ།  ཕྱི་ནང་དད་ལྡན་སེར་སྐྱ་ཁྱོན་བསྡོམས་མི་དམངས་ཉིན་ལྟར་བརྒྱ་ཕྲག་བརྒལ་བའི་འདུས་ཚོགས་ཀྱིས་དགེ་སེམས་ཆེན་པོའི་ངང་ལྷན་འཛོམས་ཐོག་ཉིན་གྲངས་ལྔའི་རིང་རིག་འཛིན་གདུང་སྒྲུབ་ཆོ་གའི་སྒོ་ནས་གུ་རུ་འབུམ་ཚོགས་ཀྱི་གྲངས་གསོག་འགྲོ་ངེས་ཀྱི་སྒོ་ནས་ཐོག་མཐའ་བར་གསུམ་དུ་ལེགས་འགྲུབ་བྱུང་བའི་བསོད་ནམས་ཀྱི་སྐལ་པ་མཉམ་སྤྱོད་བྱ་རྒྱུ་བྱུང་བ་དང་། མ་ཟད་རེས་གཟའ་སྤེན་པ་ཉིན་སེར་སྐྱ་མི་དམངས་ཡོངས་ལ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་ནས་ཆོས་འབྲེལ་ཚེ་དབང་དང་འབྲེལ་བླང་དོར་བཀའ་སློབ་བཀྲིན་བསྐྱངས་པ་བཅས་གང་སྤྱིར་སྔར་བཞིན་གནད་སྨིན་ལེགས་གྲུབ་བྱུང་སོང་བ་དེ་དོན་སྙན་སེང་སྒྲོན་འབུལ་ཞུ་བ་ལགས་སོ།། འདྲ་པར་་་

སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་དམངས་ཀྱི་ཚོགས་ཆུང་ St. Gallen/ Trogen, Turbenthal, Flawil/Uzwil, Wil/Muenchwilen, Horgen བཅས་ཁག་ལྔ་ནས་འབུམ་ཚོགས་རིང་གསོལ་ཐབ་ནང་དྭངས་བླངས་ཕྱག་རོགས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
སུད་སི་རྒྱལ་ཡོངས་མ་ཧཱ་གུ་རུ་འབུམ་ཚོགས་སྒྲ་སྒྲིག་ཚོགས་ཆུང་ནས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།