སུད་སིར་མང་གཙོའི་དུས་དྲན་ཐེངས་ ༥༥ པ་དེ་སྲུང་བརྩི་གཟབ་རྒྱས་ཞུས་པ།།

སུད་སིར་མང་གཙོའི་དུས་དྲན་ཐེངས་ ༥༥ པ་དེ་སྲུང་བརྩི་གཟབ་རྒྱས་ཞུས་པ།།
སུད་སི་དངལེཀ་ཊེན་སྤྲཡན་བོད་རིགས་མི་མང་གིས་ལོ་ལྟར་བོད་ལྗོངས་མང་གཙོའི་དུ་དྲ་གྲ་སྒྲིག་གནང་བཞིན་ལྟར། འདི་ལོའི་མང་གཙོའི་དུས་དྲན་ཐེངས་ལྔ་བཅུ་པ་དེ་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཞོག་པ་ཚོུད་༩ པར་ས་གནས་རི་ཀོན་བོད་ཡིག་སློབ་གྲྭའི་ཚོགས་ཁང་དུ་སྔ་དྲོའི་མཛད་སྒོ་དབུ་འཛུགས་ཀྱིས་མི་མང་ཚོགས་གཙོ་དང་ས་གནས་གྲོས་ཚོགས་ཀྱི་འཐུས་མིའི་རྒྱུན་ལས་རྣམས་ལ་མང་ཚོགས་ནས་བོད་དོན་དང་འབྲེལ་བའི་བཀའ་འདྲི་བཀའ་ལན་ཞུས་པ་རྣམས་སྙིང་བསྡུས་སུ་བཀོད་པ་གཤམ་གསལ།
དྲི་བ། ཟླ་བ་ཆོས་སྒྲོན་ལགས། སུད་སི་སིར་གནས་བསྡོད་བོད་མི་ཁག་གཅིག་ས་གནས་ཚོགས་ཆུང་ནང་མེད་པ་རྣམས་དྭང་བླང་དཔྱ་ཁྲ་འབུལ་བཞེས་གནང་གི་མེད་པའི་རྒྱུ་མཚན་གང་ཡིན།
ལན། དྭང་བླང་དཔྱ་ཁྲལ་འགན་འཛིན་སྟག་ཚང་དཀོན་ཅོག་ལགས། སུད་སི་གནས་སྡོད་བོད་རིགས་ཚང་མ་ས་གནས་ཚོགས་ཆུང་ནང་འཛུལ་བཞུགས་མ་ཐུབ་པའི་དཀའ་ངལ་མེད་པ་དང་། སུད་སི་བོད་རིགས་མི་མང་གི་སྒྲིག་འཛུགས་སྲ་བརྟན་ཐུབ་ཆེད། ས་གནས་གྲོས་ཚོགས་ནས་གྲོས་ཆོད་བཞག་པ་བཞིན་བོད་རིགས་རྣམས་ཚོགས་ཆུང་ནང་མེད་མཁན་རྣམས་ངེས་པར་དུ་སོ་སོའི་འདོད་མོས་ལྟར་ས་གནས་ཚོགས་ཆུང་ནང་འཛུལ་དགོས། ཚོགས་ཆུང་ནང་མེད་ན་ས་གནས་དོན་གཅོད་དང་། ཚོགས་ཆུང་ཁག་ནས་དཔྱ་དངུལ་འབུས་བཞེས་མ་གནང་རྒྱུའི་ཐག་གཅོད་བྱུང་བར་ལག་བསྟར་བྱ་བཞིན་ཡོད་ཅེས་གསུངས།

དྲི་བ།
གཞི་རྩེ་ཚང་སྐལ་རྡོར་ལགས། ༸གོང་ས་མཆོག་སུད་སིར་ཆིབས་བསྒྱུར་མ་གནང་གོང་སུད་སི་བོད་ཡིག་སློབ་གྲྭའི་སློབ་ཕྲུག་བོད་གཞས་ནང་སྦྱོང་ལ་དུས་ཚོད་ཐུང་ངུའི་བཅར་མ་ཐུབ་པའི་ཕྲུག་གུ་ཁ་ཤས་ཕྱིར་འབུད་བྱེད་དགོས་དོན་གང་ཡིན།
ལན། བོད་སློབ་འགན་འཛིན་ས་ར་ཟླ་བ་རྒྱལ་མཚན་ལགས། བོད་ཡིག་སློབ་གྲྭའི་ཕྲུག་གུ་ཁ་ཤས་ཕྱིར་འབུད་བྱས་པ་དེ་ང་མི་གཅིག་གིས་རྒྱལ་ཁ་ཐག་གཅོད་མིན། གཞན་ནང་སྦྱོང་སཀབས་མ་ཡོང་པ་རྣམས་མཉམ་དུ་ཆ་ཤས་ལེན་དུ་འཇུག་རྒྱུ་མིན་པའི་ཐག་གཅོད་དེ་བོད་ཡིག་སློབ་གྲྭའི་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་ཡིན་གསུངས།

དྲི་བ།
བསོད་ནམས་བཀྲིས་ལགས། འདི་ལོ་རྒྱལ་ཡོངས་ཚོགས་ཆེན་དུ་ཚོགས་གཙོ་རྣམས་གཉིས་ངོ་ཕེབས་སྐབས་སུད་སི་བོད་རིགས་མི་མང་ནས་བསམ་ཚུལ་བསྡུ་རུབ་གནང་ཡོད་མེད་དང་། དགུ་བཅུ་གསུམ་སུད་སིར་འཁྲབ་སྟོན་དུ་སླེབས་སྐབས་སུད་སི་བོད་རིགས་མི་མང་ལ་དངུལ་འབོར་ཁྱོན་ཆེ་གྱོན་གུན་བྱུང་ཡོད་ལུགས་བདེན་པ་ཡིན་མིན།
ལན། ཚོགས་གཙོ་སྤང་རིང་ཀརྨ་ལགས། རྒྱལ་ཡོངས་ཚོགས་འདུའི་མགྲོན་ཤོག་ཕྱི་པོ་སླེབ་པར་བརྟེན་དུས་ཚོད་མ་འདེངས་བའི་དབང་གིས་སུད་སི་བོད་མི་ཚོའི་བསམ་ཚུལ་སྔ་མོ་དམིགས་བསལ་ཚོགས་ཆེན་ལྟར་བསྡུ་རུབ་བྱ་རྒྱུ་མ་བྱུང་ཞེས་དང་། དགུ་བཅུ་གསུམ་སུད་སིར་སླེབ་སྐབས་སུད་སི་བོད་རིགས་མི་མང་ལ་སུད་སྒོར་ ༡༤༠༠༠ བྱུང་ཀྱང་དེ་ནས་སྟོང་ཕྲག་ཙམ་གྱོང་གུན་བྱུང་ཞེས་གསུངས།

དྲི་བ།
བློ་བཟང་སྒྲོལ་མ་ལགས། སུད་སིར་གནས་ཡོད་བོད་རིགས་ཁག་གཅིག་ནས་རྒྱ་མིའི་གཞུང་ཚབ་ཁང་ནས་གོ་སྒྲིག་བྱས་པའི་ལོ་གསར་གསོལ་སྟོན་ལ་འགྲི་མི་རྣམས་ལ་ཉེ་ཆར་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གནང་བ་གནང་ཚུལ་ལ་ཐག་གཅོད་ག་རེ་བྱུང་ཡོད་མེད།
ལན། ཚོགས་གཙོས། འདི་ལོ་རྒྱ་མིའི་གཞུང་ཚབ་གི་ལོ་གསར་གསོལ་སྟོན་ལ་བོད་མི་གྲངས་་༥༠ ཙམ་ཕེབས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ས་གནས་གྲོས་ཚོགས་ནས་གྲོས་ཆོད་བྱུང་བ་ལག་བསྟར་ཆེད་ཞིབ་འཇུག་ཚོགས་ཆུང་ནས་ཉན་ཞིབ་བྱ་རྒྱུའི་ཆེད་གསོལ་སྟོན་ཕེབས་མཁན་ནས་མི་དྲུག་ལ་འདི་ལོ་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ཞིབ་འཇུག་ལ་ཕེབས་དགོས་པའི་མགྲོན་བརྡ་ཕུལ་རུང་། དེའི་ཉིན་རྟ་སྲས་ཚུལ་ཁྲིམས་མ་གཏོགས་ཕེབས་མཁན་མ་བྱུང་། ཕྱི་ལོ་ ༢༠༠༨ ལ་ས་གནས་གྲོས་ཚོགས་ནས་གྲོས་ཆོད་བཞག་པ་དེ་མཁྱེན་རྟོགས་ཡོད་མེད་དང་། གལ་སྲིད་མཁྱེན་རྟོགས་ཡོད་ཚེ་གྲོས་ཆོད་ཀྱི་འབྲུ་དོན་རྣམས་ཁས་ལེན་གནང་གི་ཡོད་མེད་འདྲི་བས་ཁོང་ནས་དོན་ཚན་གཉིས་ཀ་མཁྱེན་རྟོགས་དང་ཁས་ལེན་མེད་པ་སྐོར་དང་། དོན་གནས་འདིའི་སྐོར་ཞིབ་པ་འོད་སྡེ་རིང་མིན་འདོན་རྒྱུ། དེའི་ནང་གཟིགས་ཞིབ་གནང་སྐྱོང་ཡོད་པ་ཞེས་བཀའ་ལེན་གནང་།

དྲི་བ།
ཀམ་འཛི་ཆོས་དར་ལགས། བཀའ་ཁྲིའི་འོས་བསྡུ་གལ་ཆེན་པོ་ཡིན་ལུགས་ཚང་མས་ཡང་ཡང་བཀའ་ཕེབས་ལྟར་སྔ་ལོ་ར་པ་སེ་ཝིལ་ལ་མི་མང་དང་གསར་འཕྲིན་ཐོུང་ནས་གཟབ་སྦྱོང་གཅིག་གནང་བ་དང་། དེ་རྗེས་མུ་མཐུད་གནང་འཆར་ཡོད་ལུགས་གསལ་བསྒྲགས་གནང་བ་དང་ད་བར་བཀའ་ཁྲིའི་འོས་བསྡུའི་ཐད་གཟབ་སྦྱོང་གནང་མ་ཐུབ་པའི་རྒྱུ་མཚན་ག་རེ་ཡིན་ནམ།
ལན། ཚོགས་གཙོས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༨ ཉིན་ཛུ་རིག་Volkhaus ནང་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། དགེ་བཤེས་འཇམ་དཔལ་སེངྒེ་མཆོག ཀོ་རན་ཆུང་བདག་ལག་བཅས་གདན་ཞུས་ཀྱིས་བཀའ་ཁྲིའི་འོས་བསྡུའི་སྐོར་གཟབ་སྦྱོང་ཞུས་ཡོད། དེ་རྗེས་བསྐྱར་དུ་གཟབ་སྦྱོང་གནང་འཆར་ཡང་དུས་ཚོད་མ་འདེངས་བས་བྱ་ཐུབ་མ་སོང་ཞེས་གསུངས།

དྲི་བ།
མགོན་པོ་རྣམ་རྒྱལ་ལགས། སུད་སིར་བོད་མི་འབྱོར་ནས་ལོ་ལྔ་བཅུ་ལྷག་འགྲོ་གི་ཡོད་ཀྱང་ད་བར་མི་མང་སྤྱི་ཁང་ཞིག་ཐབས་འཚོལ་མ་ཐུབ་པའི་རྐྱེན་གང་ཡིན་ནམ།
ལན། ཚོགས་གཙོས། སུད་སིར་བོད་རིགས་མི་མང་གི་ལས་ཁུངས་ཤིག་ཡོད་པ་དེར་ལོ་རེ་ཁང་གླ་སུད་སྒོར་ ༡༢༠༠༠་༠༠ ལྷག་ཙམ་འགྲོ་གི་ཡོད་པ་དང་། དེའི་ཆེད་དཔལ་འབྱོར་ཐབས་འཚོལ་དང་འཛིན་སྐྱོང་བྱ་རྒྱུར་དཀའ་ངལ་མུ་མཐུད་འཕྲད་བཞིན་པས་སྤྱི་ཁང་གསར་སུད་སྒོར་ས་ཡ་ཁ་ཤས་དགོས་པ་མ་ཟད། ཁང་པའི་རྒྱུན་ལྡན་འཛིན་སྐྱོང་ཆེད་ལོ་རེ་ཉུང་མཐར་སུད་སྒོར་འབུམ་ལྷག་འགྲོ་གི་ཡོད་སྟབས་གནས་སྐབས་སྤྱི་ཁང་སྐོར་བསམ་ཡུལ་ལ་བྲལ་བ་རེད་ཅེས་གསུངས།

དྲི་བ།
ཕུན་ཁང་ཀུན་བཟང་ལགས། སུད་སི་བུ་ཚབ་ཁོངས་ཡོད་པའི་བུ་ཕྲུག་མང་པོས་དཔྱ་ཁྲལ་འབུལ་འདུན་ཡོད་རུང་དཔྱ་ཁྲལ་ཚ་ཚང་འབུལ་རྒྱུར་དཀའ་ངལ་ཡོད་པ་དེའི་སྐོར་ཐབས་ཤེས་ག་རེ་ཡོད།
ལན། སྟག་ཚང་དཀོན་ཅོག་ལགས། ད་ཕྱིན་དྭང་བླང་དཔྱ་ཁྲལ་འབུལ་འདོད་ཡོད་ཀྱང་དཔྱ་ཁྲལ་འབུལ་རྒྱུ་ཆད་པ་རྣམས་ཆག་ཡང་ཡོང་ཆེད་རིན་པ་གོང་མར་སྙན་ཞུ་རིམ་འབུལ་ཞུས་ཡོད། སྐབས་འདིའི་སྤྱི་འཐུས་གྲོས་ཚོགས་ནང་ཐག་གཅོད་ཐུབ་པའི་རེ་བ་ཞུ་གི་ཡོད་པས་རིང་མིན་དཀའ་ངལ་སེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས། ས་གནས་བྷེརན་གྱི་འཐུས་མི་པ་སངས་ལགས་ནས་སུད་སི་སྐུ་ཚབ་དོན་གཅོད་ཁག་ནས་དྭང་བླང་དཔྱ་ཁྲལ་ཐད་ཀར་འབུལ་བཞེས་མེད་པ་དང་། ས་གནས་འཐུས་མི་རྣམས་ནས་རྒྱབ་གཉེར་མེད་པར་ངོ་སྦྱོར་རིགས་སོགས་གནང་ཐལ་མེད་པའི་གཞེན་སྐུལ་ཞུས་པ།
དེ་ནས་འཐུས་མི་གསར་པ་འོས་འདེམས་བྱུང་བ་རྣམས་བཞུགས་མོལ་ཚོགས་འདུ་ཚུགས། ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་ནས་མི་མི་སོ་ཧོབ་པར་པ་སངས་ལགས་ཚོགས་གཙོ་དང་གཞི་རྩེ་ཚང་བློ་བཟང་ལགས་ཚོགས་གཞོན་དུ་འོས་འདེམས་བྱུང་། པ་སངས་ལགས་མི་མང་གི་ཚོགས་གཙོར་འོས་འདེམས་བྱུང་བ་ནི་སུད་སི་བོད་རིགས་མི་མང་གི་ལོ་རྒྱུས་ནང་བོད་ཀྱི་བེུད་ཚོགས་གཙོར་འདེམས་པ་དང་པོ་དེ་རེད། ཉིན་རྒྱབ་ཚོུད་ ༡༣༠༠ རི་ཀོན་ཚོགས་ཁང་ཆེན་མོའི་ནང་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་མཁན་བླ་དགེ་འདུན་རྣམ་པས་དབུས་ཕྱི་ནང་སྐུ་མགྲོན་དང་མཛད་གཙོ་རྣམས་ནས་གངས་ལྗོངས་ཆོས་སྲིད་ཀྱི་དབུ་ཁྲིད་འཇིག་རྟེན་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུསཏེ་ཚོགས་ཁང་ནང་གདན་འདྲེན་ཞུས་རྗེས་མི་མང་ཟློས་གར་ནས་སྣེ་ཁྲིད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་མཉམ་གཞས་བཏང་། དེ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་བགེགས་མཚན་མ་མཐའ་དག་ཞི་ནས་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པའི་ཆེད་རི་ཀོང་དགོན་པའི་མཁན་རིན་པོ་ཆེ་དང་མཛད་གཙོ་རྣམས་ནས་རྟེན་གསུམ་འདེགས་འབུལ་དང་། མཁན་བླ་རྣམ་པས་དབུས་མང་ཚོགས་ནས་༸རྒྱལ་བའི་ཞབས་བརྟན་དང་། བདེན་གསོལ་སྨིན་ཚིག་གསུང་འདོན་གནང་།

དེ་རྗེས་མི་མང་ཟློས་གར་ནས་རྟེན་འབྲེལ་མཚོན་ཕྱིར་བཀྲིས་ཞོལ་པ་གཟིགས་འབུལ་ཞུས། དེ་ནས་བོད་རིགས་མི་མང་ཚོགས་གཙོ་དང་། རང་གཞུང་སྐུ་ཚབ་དོན་གཅོད་ནས་གསུང་བཤད་གནང་། དོན་གཅོད་དྲུང་ཆེ་བསྟན་འཛིན་བསམ་འཕེལ་ལགས་ནས་བོད་ལྗོངས་མང་གཙོའི་དུས་དྲན་ཐེངས་ ༥༠ ཐོག་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྙན་སྒྲོན་གནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་སྙན་སྒྲོག་ཞུ་མཞན་ས་གནས་འཐུས་མིའི་ལྷན་ཚོགས་ཀྱིས་མང་མོས་ཐག་གཅོད་གནང་བ་ལྟར་མི་མང་ཚོགས་གཞོན་རྐང་ར་སྐལ་བཟང་རྣམ་རྒྱལ་ལགས་ནས་གནང་གཏན་འཁེལ་ཡང་ཁོང་དེའི་ཉིན་སྐུ་གཟུགས་བདེ་མིན་གྱི་དུས་དྲན་ལ་ཕེབས་མ་ཐུབ་སྟབས་བོད་མི་མང་སྤྱི་འཐུས་ཀྱི་གསུངའཕྲིན་སྙན་སྒྲོན་གནང་མེད། དེའི་རྗེས་གཞུང་འབྲེལ་སྡེ་མཚན་ཁག་དང་གཞུངའབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་ལས་བསྡོམས་སྙིང་བསྡུས་རེ་གསལ་བསྒྲགས་ཞུས་པ་དང་མི་མང་ཁག་གཅིག་ནས་སྤྱི་སྨན་དགོངས་འཆར་ཁག་གནང་། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་གཞུང་ཞབས་གནང་ནས་ལོ་ ༢༥ འདིའི་ལོར་འཁོར་བར་མི་མང་ཚོགས་གཙོས་སུད་སི་བོད་རིགས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཕྱག་རྟགས་དང་མཇལ་དར་ཕུལ།

དེ་རྗེས་སྐབས་ ༡༤ པའི་མི་མང་ཚོགས་གཙོ་མི་མི་སོ་ཧོབ་པར་པ་སངས་ལགས་དང་། ཚོགས་གཞོན་གཞིས་རྩེ་ཚང་བློ་བཟངལགས་གཉིས་ནས་ས་གནས་ཁྲིམས་ཞིབ་པའི་མདུན་ལས་འཁུར་དམ་བཅའ་འབུལ་བཞེས་དང་སྦྲགས་འཐུས་མི་གསར་རྙིང་དབར་མཇལ་དར་འབུལ་རེས་གནང་སྟེ་འཚམས་འདྲི་ཞུས་རྗེསམི་མང་ཚོགས་གཙོ་གསར་པ་མི་མི་ས་ཧོབ་པར་པ་སངས་ལགས་ནས་གསུངབཤད་གནང་དོན། ཕྲན་རངད་རེས་མིམང་གི་ཚོགས་གཙོའི་ལས་འགན་ཁས་ལེན་ཞུ་དགོས་པའི་རྒྱུ་མཚན་མང་པོ་ཡོད་པའི་ནང་ནས་ཆེ་ཤོས་གཅིག་བོད་ཀྱི་དཀའ་རྙོག་དེ་ད་ལྟ་སེལ་ཐུབ་པར་སོང་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནསབོད་སྤྱིའི་དོན་དུ་ཞབས་ཞུ་ཕྲན་བུ་ཞུ་རེ་དང་། ལྷག་པར་དུ་མང་མོས་འོས་འདེམས་བྱུང་བར་མང་གཙོར་གུས་ཞབས་ཆེ་མཐོང་ཞུ་ཆེད་ཡིན་ཞེས་དང་། ཡང་ཁོང་གི་མུ་མཐུད་གསུང་དོན་ཕྲན་གྱི་ལས་ཡུན་རིང་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དང་ས་གནས་ཀྱི་ཁྲིམས་ཡིག་སྒྲིག་གཞིའི་དགོངས་དོན་དང་མི་འགལ་བའི་ཐོག་སྲུང་བརྩི་ཞུ་རྒྱུ་དེ་ཡིན། སྤྱི་པའི་ལས་དོན་གཏན་འབེབས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་པའི་ལམ་སྟོན་ལྟར། བདེན་པ་དང་། འཚེ་བ་མེད་པ། ཡང་དག་པའི་མང་གཙོའི་འགྲོ་ལུགས་ལྟར་ལག་བསྟར་བྱ་རྒྱུ་ཡིན་ཞེས་དང་།

དེར་བརྟེན་མི་མང་ཚང་མས་ང་ཚོར་རྒྱབ་སྐྱོར་ཡོད་པ་དང་ནོར་འཁྲུལ་ཡོད་དུས་མདུན་དུ་ཡོ་བསྲང་གི་བཀའ་སློབ་ཐད་ཀར་གནང་རོགས་གནང་། དེ་མིན་ཆུ་ལ་རྒྱུག་པ་ཞུས་ན། ཉ་ལ་ཡང་ལྗིད་པ་མེད་ཟེར་བ་བ་ལྟར་རྒྱབ་ལ་རྒྱབ་བཤད་རྒྱབ་ན་ཕན་ཐོགས་གང་ཡང་མེད་གསུངས། དེ་བཞིན་ཚོགས་གཞོན་གཞི་རྩེ་ཚང་བློ་བཟང་ལགས་ནས་བཅའ་ཁྲིམས་དང་སྒྲིག་གཞི་ཁག་ཡོད་སྟབས་དེར་ཆ་འཇོག་དང་སྲུང་བརྩི་ཞུ་རྒྱུ་དང་། སྤྱི་སྒེར་དབྱེ་འབྱེད་ཀྱིས་ལས་དོན་བྱ་རྒྱུ་ཡིན་པ་མ་ཟད་སྒྲིག་འཛུགས་བརྟན་པོ་བཟོ་རྒྱུ་དང་ཉར་ཡག་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཟིན་རྗེས་མི་མང་ཟློས་གར་དང་ཚོགས་པ་ཁག་ནས་རྐང་བྲོ་གླུ་གཞས་འཁྲབ་སྟོན་ཞུས་བསྒྲུབས་པ་དང་ཟློས་གར་སྤྱི་ཁྱབ་འགན་འཛིན་བཀྲས་ཁང་ཆུང་རྟག་ལགས་ནས་ཟློས་གར་འཁྲྱབ་མི་ཚོར་ལོ་མང་སྤྱི་པའི་ལས་དོན་ཐོག་ཧུར་ཐག་གནང་བར་ཐུགས་རྗེ་ལེགས་འབུལ་མཇལ་དར་འབུལ་བཞེས་གནང་བ་བཅས་མང་གཙོའི་དུས་དྲན་བཀྲིས་ལོ་ལེགས་དང་རྒྱལ་ཁའི་ངང་མཇུག་སྒྲིལ་བའི་གནས་བསྡུས།། ། གླང་བསྟན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།