སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

བོད་མངའ་རི་ཁུལ་དུ་ཕྱི་ལོ་ ༡༩༥༦ ལོར་སྐྱེས། སློབ་མཐར་སོན་རྗེས་ཕྱི་ལོ་ ༡༩༨༢ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ཁོངས་དངོས་སུ་འཛུལ་བཞུགས་གནང་སྟེ་ལ་དྭགས་བོད་མིའི་མཉམ་འབྲེལ་བཟོ་གྲྭའི་འགན་འཛིན་གྱི་ལས་འགན་ཞུས་རྗེས་རིམ་བཞིན་བ ན་བྱོལ་བོད་མིའི་གཞིས་ཆགས་ཁག་ནང་ས་གནས་འགོ་འཛིན་གྱི་ལས་འགན་ག ོས་གནས་རིམ་མང་དག་ཐོག་ལས་འཁུར་ཞུས།

ཕྱི་ལོ་ ༡༩༩༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བའི་ལས་འགན་ཞུ་སྒོ་མཐའ་དག་ཚགས་ཚུད་འཐུས་ཚང་བྱུང་བར་ལེགས་གསོ་བསྔགས་བརྗོད་མཚོན་ཆེད་སུད་སི་གཟེངས་རྟགས་ཐོབ།

ཕྱི་ལོ་ ༢༠༠༦ ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སོ་ནམ་དང་མཉམ་འབྲེལ་རོགས་བསྐྱོར་སྡེ་ཚན་གྱི་འགན་འཛིན་གྱི་ལས་འགན་དུ་གནས་སྤོས་ལས་ཁུར་ཞུ་མུས་ཐོག་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་གནས་སྤར་གནང༌། རིམ་བཞིན་ལས་དོན་ཞུ་སྒོ་ཁག་ཚགས་ཚུད་གཟེངས་ཐོན་བྱུང་བར་བསྔགས་བརྗོད་དང་སྦྲགས་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེའི་གནས་རིམ་ཐོག་བསཀོ་གཞག་སྩལ་གནང་ལྟར་ལས་འཁུར་ཞུས།

དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་སྦར་སིལ་ཁྱབ་ཁོངས་ཡུ་རོབ་སྤྱི་མཐུན་དང་ནུབ་ཡུ་རོབ། མགྷ་རེབ་བཅས་ཀྱི་སཀུ་ཚབ་དོན་གཅོད་ཀྱི་ལས་འགན་ཐོག་གནས་སྤོས་བསཀོ་གཞག་བྱུང་བ་ལྟར་ལོ་གཉིས་ལྷག་རིང་ལས་འགན་ཞུས་ཏེ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་ལྟར་ད་ཡོད་སུད་སི་སཀུ་ཚབ་དོན་གཅོད་ཀྱི་ལས་འགན་ཐོག་གནས་སྤོས་བསཀོ་གཞག་སྩལ་བ་ལྟར་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ནས་དངོས་སུ་ལས་འཁུར་ཞུས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 4 སྡོམས་རོགས།