༢༠༡༤།༡༢།༡༦། ཉིན་སུད་སི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་འོག་དགའ་ལྡན་ལྔ་མཆོད་ཆེན་མོའི་མཆོད་འབུལ་ཞུས་པ།

༢༠༡༤།༡༢།༡༦།བོད་ཟླ་༡༠ཚེས་༢༥རེས་གཟའ་མིག་དམར་ཉིན་སུད་སི་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གིས་གོ་སྒྲིག་འོག་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་རིས་མེད་དགེ་འདུན་དང་གནད་ཡོད་མི་སྣ། ཚོགས་པའི་ཚོགས་མི། བོད་རིགས་དང་ཕྱི་རྒྱལ་བ་བཅས་བརྒྱ་ཕྲག་བརྒལ་བ་ལྷན་ཚོགས་ཀྱིས་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྗོགས་མཆོད་འབུལ་ཆེད་དགའ་ལྡན་ལྔ་མཆོད་ཆེན་མོར་གློག་མཆོད་དང་མར་མེ་མཆོད་སྤྲིན་རྒྱས་གཤོམ་ཐོག་ཟབ་ལམ་བླ་མཆོད་ཚོགས་འཁོར་ཟབ་རྒྱས་དང་འབྲེལ་དགེ་འདུན་རྣམ་པར་སྐུ་འགྱེད་དང་འདུས་མང་ལ་གསོལ་ཇ་དང་བཞེས་བག་བཅས་བསྙེན་བཀུར་ཞུས་མཐར་དམིགས་བརྩེ་མ་དབྱངས་དང་བཅས་གསུངས་ནས་རྣམ་དཀར་དགེ་ཚོགས་སྤེལ་བའི་མཛད་རིམ་ལེགས་གྲུབ་བྱུང་བའི་གནས་བསྡུས་སུ། གསར་འགོད་པ་རྒྱལ་མཚན་གྱིས་སྤེལ།། འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།