སུད་སི་ས་གནས་Kronberg་ཡི་རྒྱལ་སྤྱིའི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོར་སིང་གཱ་ལེན་བོད་ཡིག་སློབ་གྲྭ་མཉམ་ཞུགས་བྱས།

སུད་སི་ས་གནས་ Kronberg ་སུ་རྒྱལ་སྤྱིའི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོ་ཞིག་བཀོད་སྒྲིག་བྱས་བའི་ནང་སིང་གཱ་ལེན་བོད་ཡིག་སློབ་གྲྭས་་བོད་ཀྱི་གཞས་སྣ་འཁྲབ་སྟོན་བྱས་ནས་མཉམ་ཞུགས་བྱས་སོང་། ཐེངས་འདིའི་རིག་གཞུང་འཁྲབ་སྟོན་གྱི་ཉིན་མོར་ Mexiko ་ཡི་་གཞས་སྣན་འཁྲབ་སྟོན་ཚོགས་པ་ཞིག་ནས་ཁོ་རང་ཚོའི་སྲོལ་རྒྱུན་གྱི་གཞས་སྣ་ཁག་ཅིག་འཁྲབ་སྟོན་བྱས་སོང་།

ད་ནས་སིང་གཱ་ལེན་་བོད་ཡིག་སློབ་གྲྭས་གཞས་སྣ་ཁག་བདུན་ཙམ་ས་གནས་ཁག་གཉིས་ནས་འཁྲབ་སྟོན་བྱས་སོང་། འཁྲབ་སྟོན་མ་བྱས་གོང་སློབ་མ་བསྟན་འཛིན་ཕན་ཐོག་གིས་མི་མང་ལ་གསལ་བཤད་ཀྱི་ཚུལ་དུ་གསུངས་དོན་ང་ཚོ་ནི་མི་ཡུལ་དུ་འཚར་ལོང་བྱུང་བ་དང་ཕ་ཡུལ་མིག་གིས་མཐོང་མྱོང་མེད་པའི་མི་རབས་གསར་པའི་སྡེ་ཁག་ཡིན། མི་ཡུལ་ལུང་པ་ནས་ང་་ཚོས་ང་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྦྱང་གི་ཡོད། དེ་རིང་ང་ཚོས་འཛམ་གླིང་གི་ཡང་རྩེ་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱས་ནས་ཁྱེེད་ཅག་ལ་བསུ་མ་བྱེད་བཞིན་ཡོད། ཁྱེད་ཅག་ཕེབས་པར་དགའ་བསུ་ཞུ་སོགས་གསུངས་སོང་། དེ་བཞིན་ Serbiea ཡི་གཞས་སྣ་འཁྲབ་སྟོན་ཚོགས་པ་ཞིག་གི་ངོས་ནས་ལུང་པའི་ངོ་བོ་མཚོན་པའི་གཞས་སྣ་ཁག་ཅིག་འཁྲབ་སྟོན་བྱས་སོང་།

དེ་ནས་སུད་སི་ས་གནས་ Appenzell གི་་སློབ་གྲྭ་རེ་ཟུང་ཞིག་གི་ངོས་ནས་ས་གནས་ཀྱི་ངོ་བོ་མཚོན་པའི་སྲོལ་རྒྱན་གྱི་གཞས་སྣ་འདྲ་མིན་འཁྲབ་སྟོན་བྱས་སོང་། དེ་ནས་ Scotland ཡི་རོལ་དབྱངས་ཚོགས་པ་ཞིག་ནས་ཁོ་རང་ཚོའི་སྐད་གྲགས་ཆེ་བ་དང་དུས་རབས་༡༥་ནས་དར་ཁྱབ་ཆེ་བའི་རོལ་དབྱངས་ Bagpipe ་སྤྱན་འབུལ་བྱས་སོང་། དེ་རིང་གི་འཁྲབ་སྟོན་འདིར་གཟུགས་མོ་བ་བརྒྱ་ཕྲག་བརྒལ་བ་ཞིག་འདུག་པས་ང་ཚོ་བོད་ཕྲུག་ཁག་ལ་མཚོན་ན་འདི་ནི་བོད་ཀྱི་རིག་གཞུང་དང་ངོ་བོ་མི་རིགས་གཞན་ལ་ངོ་སྤྲོད་བྱེད་སའི་གོ་སྐབས་དང་སྡིངས་ཆ་ཡག་པོ་ཞིག་རེད། གཞས་སྣ་འཁྲབ་སྟོན་གྱི་མཐའ་མར་བཀོད་སྒྲིག་པས་ཀྱང་སིང་གཱ་ལེན་བོད་ཡིག་སློབ་གྲྭས་འཁྲབ་སྟོན་ཡག་པོ་ཞེ་དྲག་བྱས་སོང་། མ་འོངས་པར་རིག་གཞུང་འཁྲབ་སྟོན་འདི་འདྲར་ཁྱེད་ཅག་མུ་མཐུད་ནས་གདན་འདྲེན་ཞུ་གི་ཡིན་པས་ཕེབས་པའི་རེ་བ་ཡོད་གསུངས་སོང་།

གསར་འགོད་པ། དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།