སུད་སི་ས་གནས་རི་ཀོན་ཚོགས་ཆུང་ནས་མཆོད་འབུལ་ཞུས་པ།
ད་ལམ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ ཉིན་་ས་གནས་རི་ཀོན་འཐུས་མི་གཉིས་ནས་གྲ་སྒྲིག་ཞུས་ཏེ། དགོང་དྲོ་བཟོ་གྲྭའི་ལས་ཀ་ཚར་བ་དང་ཆུ་ཚོད་་༡༨ ཐོག་རི་ཀོན་རང་བདེན་ཚོགས་ཆུང་གི་ཚོགས་ཁང་ནང་དུ།དེང་དུས་བོད་ནང་དུ་བཟོས་ཐབས་བྲལ་བའི་རྫ་དྲག་གི་གནས་སྟང་འོག གཅེས་པའི་རང་སྲོག་བློས་བཏང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་བསྔོ་སྨོན་ཚམས་སྦྱོར་གནད་སྨིན་ཐོག རྒྱ་ནག་དམར་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་བྱ་ཆེད།བཀའ་སྤྱི་ཐུན་མོང་ནས་ལམ་སྟོན་སྤྱི་ཕེབས་དགོང་དོན་བཞིན། རི་ཀོན་ཆོས་འཁོར་དགོན་གྱི་མཁན་བླ་འདུས་མང་རྣམས་གདན་ཞུས་ཐོག ས་གནས་རི་ཀོན་དང་ཀོལ་བུ་རོན། རེས་མེ་སེ་མུལ། རྫེལ། སེན་བཅས་ཀྱི་རང་རིགས་མི་མང་ལྔ་བཅུ་སྐོར་འདུ་འཛོམས་ཀྱིས་གཞུང་འབྲེལ་དྲྭ་རྒྱ་ནང་གསལ་བ་ལྟར། བོད་རིགས་ཚང་མས་ཉིན་བརྒྱ་དུས་གཅིག་གི་ཞབས་རིམས་སྒྲུབ་དགོས་ཁག་ཆ་ཚང་སྨིན་གྲུབ་ཞུས་པ་དང་།བཟུང་སྔགས་ཁག་ཀྱང་གྲངས་བསོགས་གནད་སྨིན་ཞུས་ཤིང་། མང་ཚོགས་ལ་གསོལ་ཇ་དང་ཞལ་ཏོག དགེ་འདུན་རྣམས་པར་སྐུ་ཡོན་ཕུལ་སྟེ་ལས་དོན་དུས་ཐོག་གང་ལེགས་བྱུང་སོང་། འཇུག་ཏུ་མི་འཐུས་གཉིས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པའི་གནས་ཚུལ་འདོར་བསྡུས་སུ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།