སུད་སི་ནང་བོད་ཨ་མདོ་རྔ་པ་རྫོང་གི་ཆེད་དུ་ཞི་རྒོལ་གནང་པ།

ད་རིང་ཕྱི་ཚེས་༢༦གྱི་ཕྱི་དྲོ་ཕྱག་ཚོད་༦་༣༠ནས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ས་གནས་འཛུ་རིག་ཏུ་མི་མང་༤༥༠ལྷག་སྐོར་ནས་བོད་ཨ་མདོ་རྔ་པ་རྫོང་ནང་དགེ་འདུན་པ་དྲག་ཆས་ཉེན་རྟོག་པ་དང་དམག་མིསའཛིན་བཟུང་གིས་བཀག་ཉར་དང་དྲག་རྩུབ་བྱས་ནས་བཙན་འོག་ཏུ་མནར་གཅོད་མྱོང་བཞིན་ཡོད་པ་རྣམས་ཀྱི་ཆེད་སྡུག་སེམས་མཉམ་སྐྱེད་མཚོན་བྱེད་དང་མདོ་སྨད་རྔ་པ་ཀིརྟིའི་དགོན་གྱི་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་གཙོསབོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་གཤེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཆེད་གསོལ་སྨོན་བཅས་ཞུས་པ་དང་ཞི་རྒོལ་རྒྱ་ཆེ་གནང་པ་དང་༸སྤྱི་ནོར་༸གོང་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་༸རྒྱལ་བའི་ཞབས་བརྟན་དང་བདེན་གསོལ་སྨོན་ཚིག་བཅས་གསུང་གནང་ཡོད་པ་རེད། འདྲ་པར་་་
མི་མང་ནས་སྐྱབས་ཞུའི་ཕྱག་ཡིག་ཕུལ་བ་ཁག
Ngaba Chinese consulate Zurich | Press Release | Ngaba Chinese embassy | Ngaba UN High Commissioner | Ngaba UN Swiss Government

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།