སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ནང་ཆོད་ངོ་སྤྲོད།

༄༅། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་ནང་ཆོད་ངོ་སྤྲོད། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༧ ཉིན་རི་ཀོན་ཚོགས་ཆུང་གི་སྤྱི་ཁང་ནང་ས་གནས་ཚོགས་ཆུང་རི་ཀོན་དང་རུས་ཏི་དེ་བཞིན་ཡོ་ན་ར་པར་སི་ཝིལ་གསུམ་ནས་གསུང་ཆོས་གྲ་སྒྲིག་ཞུས་གནང་ཡོད་པ་དང་། རི་ཀོན་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཅོག་ནས་ཆོས་ཞུ་བ་མི་བརྒྱ་དང་བཅུ་ཙམ་ལ་སྐྱབས་འགྲོ་དང་ལས་འབྲས་ཀྱི་ཐོག་བཀའ་སློབ་བཀྲིན་བསྐྱངས། བོད་རིགས་མི་མང་གི་ཚོགས་གཙོ་པ་སངས་ལགས་ནས་ཆོས་ཞུ་བར་ཐུགས་གནང་ཆེན་པོའི་ཐོག་ཕེབས་གནང་བར་མཚམས་འདྲིའི་གསུང་བཤད་གནང་། རྫ་སྤྲུལ་བློ་བཟང་ལགས་ནས་འཇར་སྐད་གསུང་སྒྱུར་ཞུས། གོང་གསལ་ཚོགས་ཆུང་ཁག་ནས་གསོལ་ཚིག་དང་གསོལ་ཇ་བཅས་ཀྱང་གྲ་སྒྲིག་ཞུས་གནང་ཡོད་པ་རེད།འདྲ་པར་་་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།