སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་གི་ཆོལ་ཁའི་མཆོད་འབུལ་སྨོན་ལམ།

ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༨ རེ་གཟའ་སྤེན་པའི་ཉིན་སུད་སི་དང་ལིག་ཏེན་སིཊཡན་ས་གནས་དབུས་གཙང་ཆོལ་ཁའི་གོ་སྒྲིག་འོག་རེ་ཀོན་ཆོས་འཁོར་དགོན་དུ་མཁན་རེན་པོ་ཆེ་དབུས་པའི་སྐྱབས་གནས་དགེ་འདུན་པ་རྣམས་དང་། ཡུ་རོབ་དང་ལྷོ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ལས་ཐོག སྤྱི་ཟུར། མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་སོགས་ས་གནས་མི་མང་འབོར་ཆེན་མཉམ་བཞུགས་གནང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་གསང་གསུམ་ལ་ཕ་རོལ་མི་དང་མི་མ་ཡིན་གྱིས་བསམ་སྦྱོར་ངན་གཤོམས་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཆེད་སྐུ་ཕྱཱའི་ཞབས་རིམ་དང་། བསྟན་སྲིད་མི་རིགས་ལར་རྒྱའི་དོན་དུ་གཅེས་པའི་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ཆེད་དུ་བསྔོ་བའི་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཞིག་འཚོགས་སོང་། དེ་ཉིན་ཚོགས་བཅར་བ་མི་མང་ཡོངས་ལ་གསོལ་ཇ་འབྲས་སིལ་དང་ཉིན་གུང་ཤ་མེད་ཞལ་ལག་བཅས་གོ་སྒྲིག་གྱ་ནོམ་པ་བྱུང་བའི་གསར་གནས་སུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 4 སྡོམས་རོགས།