སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་༡༨བའི་འཐུས་མིའི་དངོས་གཞིའི་འོས་བསྡུ་ཡོངས་སུ་གྲུབ།

སྤྱི་ལོ་༢༠༢༡ཟླ་༠༡ཚེས་༣༠ནས་ཟླ་༢པའི་ཚེས་༤བར་སུད་སི་དང་ལིག་ཏེན་སིཏན་བོད་རིགས་མི་མང་གི་ཚོགས་ཆུང་ཉེར་ལྔ་ཡོད་པ་ཡོངས་ནས་འཐུས་མིའི་འོས་བསྡུ་ཡོངས་སུ་གྲུབ་འདུག རྒྱ་ནད་ཏོག་དབྱིབས་ནད་དུག་གི་གནས་སྟངས་ས་གནས་རྒྱལ་ཁབ་ནང་ད་རུང་ཛ་དྲག་ཡིན་ཙང་ཚོགས་ཆུང་མང་པོ་ཞིག་གིས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་གཉིས་ཀ་དྲ་ལམ་བརྒྱུད་ནས་འཕེན་གྲུབ་འདུག ཚོགས་ཆུང་མང་ཤོས་ཀྱིས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་མང་ས་གནས་འོས་བསྡུ་ས་ཚུགས་སུ་སོང་ནས་འོས་བླུགས་འདུག ཐེངས་འདིར་སྔོན་མ་ལས་འོས་འཕེན་མཁན་མང་བ་བྱུང་འདུག འོས་འཕེན་མཁན་མང་པོ་བྱུང་བའི་རྒྱུ་མཚན་གཅིག་ནི་དྲ་ཐོག་ནས་འོས་བླུགས་སྟངས་དེ་སྟབས་བདེ་བོ་ཡིན་པས་རེད་འདུག

ཚོགས་ཆུང་ཁག་གི་མིང་དང་འཐུས་མི་གསར་པ་རྣམས་ཀྱི་མཚན་གཞུང་གཤམ་གསལ།

  ཚོགས་ཆུང་ཁག་གི་མིང་ འཐུས་མི་གསར་པའི་མཚན།
1 ཨར་གྷའོ། ཚེ་དབང་མུན་སེལ།
2 སྦ་སལ། སྲ་དགའ་ཚེ་རིང་།
3 སྦན། ལྷ་ཤེས་ཚང་ལྷ་མོ།
4 ཧྥེ་ལཱ་ཝིལ། གླིང་ཚང་སྐལ་བཟང་རྡོ་རྗེ།
5 ཇི་ནི་ཝ། ༼ད་ལྟའི་བར་འཐུས་མི་འདེམས་ཐུབ་མི་འདུག༽
6 གྷེ་ལཱ་རུ་སེ། ས་ར་ཀུན་དགའ་འཆི་མེད།
7 ཧོར་གྷན། བསྟན་འཛིན་དབང་འདུས།
8 ལན་ཊ་ཀོཊ། སྡོང་ཤར་ཚེ་བརྟན།
9 ལོ་ཟན། རྒྱལ་ཚང་ཀུན་བཟང་དབང་མོ།
10 ལིག་ཏན་སིཊཡན། བློ་བཟང་།
11 ལུ་རྫན། དྲུང་ཡིག་ཚང་ཐུབ་བསྟན་ཡི་ཤེས།
12  མུན་ཁུ་ཝི་ལན་དང་ཝིལ། མཁར་ཚང་ཟླ་བ་བཀྲ་ཤིས།
13  ར་པརསི་ཝིལ། པདྨ་ཇོ་བོ་དབྱངས་ཅན་ཚེ་རིང་།
14  རི་ཀོན། ནོར་བུ་གཉེར་པ་ལགས།
15  རུ་ཏི། ངོར་ཁང་གསར་བཀྲ་ཤིས།
16  ཤྭ་ཧྥའོ་སེན། དཔའ་བོ།
17  སེན་ཊི་གཱ་ལན། ཡིད་འཕྲོག་ལྷ་མོ།
18  སོ་ལོ་ཐུན། འབྲུག་ལོ་ཚང་ཕུན་ཚོགས།
19  ཊི་ཆི་ནཱོ། ཟླ་རྒྱམ་ཕུན་ཚོགས་ཚེ་རིང་།
20  ཏུར་ཕན་ཐལ། ཀརྨ་ཕུན་ཁང་།
21  ཨུཛ་ནག་དང་ཝ་ཊ་ཝིལ། ༼ད་ལྟའི་བར་འཐུས་མི་འདེམས་ཐུབ་མི་འདུག༽
22  ཕཱོལ་ཁེཊ་སི་ཝིལ། ཀརྨ་ཆོས་སྐྱིད།
23  ཝེ་དེནསི་ཝིལ། བློ་དེ་རི་ཚང་བློ་བཟང་དཔལ་ལྡན།
24  འཛུག ཡེ་ཤེས་མཐར་ཕྱིན་ལྷ་རི་ཚང་།
25  ཛུ་རིག ཝ་དཀར་ཚེ་རིང་ནོར་བུ།

གསར་འགོད་པ་ དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 4 སྡོམས་རོགས།