སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་མིའི་སྔོན་འགྲོའི་འོས་བསྡུ་དྲ་ལམ་བརྒྱུད་ནས་གནངས་སོང་།
ཕྱི་ལོ་ ༢༠༢༡ ཟླ་ ༠༡ ཚེས་ ༢༣ དེ་རིང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ས་འཐུས་སྐབས་ ༡༨ པའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ ཏོག་དབྱིབས་ནད་དུག་གི་རྐྱེན་པས་སྲིད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་ཁྱབ་གཞིར་བཟུང་ མི་མང་ཚང་འཛོམས་ཀྱིས་གནང་ཐབས་མེད་སྟབས་ དྲ་ལམ་བརྒྱུད་མ་གནང་ཀ་མེད་བྱུང་།
དེ་ཡང་དྲ་ལམ་བརྒྱུད་མི་མང་འོས་འཕེན་མཁན་སྔར་ལས་ལྡབ་ཁ་ཤས་ཀྱིསམང་བ་བྱུང་འདུག
ཟླ་བ་འདིའི་ཚེས་ ༣༠ ཉིན་དངོས་གཞི་འོས་འཕེན་རྒྱུ་རེད་འདུག་ཀྱང་ མི་མང་མང་ཉུང་ཇི་ཙམ་འཛོམས་མིན་ཐད་ཚོད་དཔག་དཀའ་བ་ཡིན་འདུག
གསར་འགོད་པ་ཝ་དཀར་ཚེ་རིང་།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།