སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་གྲོས་ཚོགས་ཚོགས་ཟིན་པ།

དེ་ཡང་། ༢༠༡༤ ཕྱི་ཟླ་ ༢ ཚེས་ ༢༢ ཉིན་སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་པའི་(གྲོས་ཚོགས་) ཐེངས་བཞི་པ་ལེགས་གྲུབ་ཟིན་པ་དང་། ཉིན་དེར་ཐོག་མར་ཚོགས་འདུ་དངོས་སུ་མ་ཚོགས་གོང་བོད་མི་མང་གི་དབུས་གཙང་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལགས་མགྲོན་འབོད་ཀྱིས་ཚོུད་གཅིག་ཙམ་རིང་མཇལ་མོལ་གཟབ་ལྷོད་བྱུང་ཡོད། ཁོང་ནས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་དོན། སྲིད་ཇུས་ཕྱག་ལེན་གནང་ཕྱོགས་སོགས་ཞིབ་ཆ་གསལ་བཤད་དང་། སུད་སི་དང་། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གནས་སྟངས་དང་། ལས་འགུལ་སྤེལ་ཕྱོགས་སྐོར་གྱི་གཟིགས་ཚུལ་སྐོར་གསལ་བཤད་གནང་ཡོད། མདོར་བསྡུས་པ་ཡིན་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བདུན་པའི་ནང་གསལ་ས་གནས་འཐུས་ཚོགས་ལག་བསྟར་བྱེད་ཐུབ་པར་བསྔགས་བརྗོད་དང་། ལྷག་པར་ཁུལ་འདིར་བོད་རིགས་རྣམས་ནས་ཆོལ་ཁ་ཆོས་ལུགས་གསར་རྙིང་དབྱེ་འབྱེད་བསམ་ཚུལ་མེད་པར་མི་རིགས་རིག་གཞུང་སྲུབ་སྐྱོབ། རྩ་དོན་རང་གི་ཐོག་ལ་མཐུན་བསྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནུས་ཤུགས་འབུངས་བཞིན་ཡོད་པའི་ཐུགས་སྣང་བྱུང་གནས་བཅས་ཐུགས་མགུ་ཡི་རངས་བྱུང་འདུག་པ་བཅས།

དེ་ནས་ས་གནས་འཐུས་ཚོགས་(གྲོས་ཚོགས་) ཀྱི་ལས་རིམ་འགོ་འཛུགས་གནང་སྐབས་ཚོགས་གཙོ་མཆོག་ནས་འཚམས་ཞུ་དང་བཅས་ཐེངས་འདིའི་ཚོགས་གཙོའི་ལས་ཚབ་ཏུ་ས་འཐུས་སྦ་ཚང་ཚེ་རིང་དབང་གྲགས་ལགས་དང་། ས་འཐུས་བརྡ་སྐྱེལ་དགེ་ལེགས་ལགས་གཉིས་ངོ་སྤྲོད་གནང་བར་སྤྱི་མོས་དང་། དེ་བཞིན་ལས་རིམ་ཚོགས་ཆུང་གི་ཚོགས་མི་ས་འཐུས་ནོར་བུ་ཚེ་རིང་ལགས། ས་འཐུས་ཤ་བ་ཚེ་རིང་ལགས། ས་འཐུས་གཏམ་སྙན་ཚེ་དབང་ལགས་བཅས་ངོ་སྤྲོད་གནང་བར་སྤྱི་མོས་ཞུས།

གྲོས་གཞི།

༡༽ གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་དང་པོ།གྲོས་གཞི་འདོན་མི་འཐུས་ཚོགས་ཀྱི་རྒྱུན་ལས་ཀྱི་བོད་དྲུང་སྒོ་སྤེ་ཡོན་ཏན། རྒྱབ་སྐྱོར་ཞུ་མི་འཐུས་ཚོགས་ཀྱི་རྒྱུན་ལས་གཉེར་པ་སྦ་ཚང་ཚེ་རིང་དབང་གྲགས་ལགས། བརྗོད་གཞི་ས་གནས་འགོ་འཛིན་མི་མང་ནས་འོས་འདེམས་ཞུ་རྒྱུའི་སྐོར། འཐུས་མི་ ༡༦ རྒྱབ་སྐྱོར། དགག་ཆ་ཞུ་མི་གཉིས་དང་བར་བཞུགས་གཅིག་བཅས་མང་མོས་ཀྱི་གྲོས་ཆོད།

༢༽ གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་གཉིས་པ། གྲོས་གཞི་འདོན་མི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས། རྒྱབ་སྐྱོར་ཞུ་མི་བོད་དྲུང་སྒོ་སྤེ་ཡོན་ཏན། བརྗོད་གཞི་གསར་འཕྲིན་སྒྲིག་གཞི་བསྐྱར་བཅོས་སྐོར། དགག་ཆ་མེད། བར་བཞུགས་གཅིག རྒྱབ་སྐྱོར་ཞུ་མི་ ༡༨ བཅས་མང་མོས་གྲོས་ཆོད་བྱུང་།

༣༽ གཞུང་འབྲེལ་གྲོས་འཆར་གྲོས་ཆོད་ཡིག་ཆ་ཨང་གསུམ་པ། གྲོས་གཞི་འདོན་མི་ཚོགས་གཞོན་བསམ་པ་དོན་གྲུབ་ལགས། རྒྱབ་སྐྱོར་ཞུ་མི་བོད་དྲུང་སྒོ་སྤེ་ཡོན་ཏན། ས་གནས་ཛུག་ཏུ་ཚོགས་ཆུང་གསར་འཛུགས་སྐོར། དགག་ཆ་མེད། བར་བཞུགས་གཅིག རྒྱབ་སྐྱོར་ ༡༨ བཅས་ཀྱི་གྲོས་ཆོད།

༤༽ ས་འཐུས་སྒེར་གྱི་གྲོས་འཆར་གྲོས་ཆོད་ཡིག་ཆ། གྲོས་གཞི་འདོན་མི་ཕྱི་འབྲེལ་མེ་མི་སི་ཧོ་ཕར་པ་སངས་ལགས། རྒྱབ་སྐོར་ཞུ་མི་ས་འཐུས་བསྟན་འཛིན་སྙིང་པོ་ལགས། དགག་ཆ་ ༨ བར་བཞུགས་ ༦ རྒྱབ་སྐྱོར་ ༥ བཅས་ཀྱི་གྲོས་ཆོད་བྱུང་སོང་བའི་གནས་ཚུལ།

བོད་ཡིག་ཚོགས་དྲུང་ཐོུང་ནས་བོད་རྒྱལ་ལོ་ ༢༡༤༠ རབ་གནས་ཆུ་སྦྲུལ་རྒྱལ་ཟླའི་ཚེས་ ༢༣ ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༢ ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།