སུད་སི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ།
ཟླ་བ་ ༤ ཚེས་ ༨ ཉིན་བོད་ཀྱི་ ྋབོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྔ་དྲོ་ཚོུད་ ༩ དང་ཕྱེད་ཡོལ་ཙམ་སུད་སི་ས་གནས་རི་ཀོན་ཆོས་འཁོར་དགོན་དུ་ཞབས་སོར་བཀྲིན་སྐྱངས་གནང་ཡོད་པ་དང༌། རི་ཀོན་ཆོས་འཁོར་དགོན་མཁན་བླ་དགེ་འདུན་རྣམ་པ་དང་ བོད་གཞུང་དཔལ་ལྡན་ཙོགས་གཙོ་སྤེན་པ་ཚེ་རིང་མཆོག ་ སྐུ་མགྲོན་སུད་སི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་པསི་ཀལ་བུརུ་དར་རར་མཆོག འཛུ་རིག་མངའ་སྡའི་སྤྱི་ཁྱབ་བློན་ཆེན་ལྕམ་རེག་ནེའི་མཆོག ས་གནས་འཛུ་རིག་ཚོགས་གཙོ་ཁོ་རི་ནེམཱའོག་ དེ་བཞིན་རེ་ནེ་བའམ་གྷཊ་ནར་མཆོག་ བོད་རིགས་དང་ཕྱི་རྒྱལ་བ་ ༤༥༠ སྐོར་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད། རི་ཀོན་ཆོས་འཁོར་དགོན་གྱི་མཛད་རིམ་སྒྲུབ་རྗེས་ས་གནས་འཛུ་རིག་ཨོར་ལོ་ཀོན་སུད་སི་ཨོའི་ཀྲལ་ནང་ཞབས་སོར་འཁོད་ནས་ཇི་ལྟར་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་གོ་སྒྲིག་ཞུས་པས་སུད་སི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒའི་སྐབས་ཕྱི་རྒྱལ་བ་སྐུ་མགྲོན་༢༠༠ ལྷག་དང་བོད་མི་སྐུ་མགྲོན་༡༥༠ ལྷག་སྐོར་ལ་ྋགོང་མཆོག་ནས་སུད་སི་གཞུང་མང་གཉིས་ལ་ད་བར་བོད་དང་བོད་མིར་རོགས་རམ་རྒྱབ་བསྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག་བོད་མི་ཚོས་ཡ་རབ་སྤྱོད་བཟང་སོགས་མི་ཉམས་རྒྱུན་འཛིན་གནང་དགོས་པའི་བཀའ་སློབ་གཟབ་རྒྱས་གནང་ཡོད་པ་རེད།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།