༄༅། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ས་གནས་སྦ་སལ་ཚོགས་ཆུང

༄༅། །་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ས་གནས་སྦ་སལ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས ༡༤ ཉིན་འདི་གར་ས་གནས་སྦ་སལ་ཚོགས་ཆུང་ནས། ནང་ཆོས་མགན་འཛིན་བསྟན་འཛིན་བསོད་ནམ་ནས་མགན་ཁུར་འོག་གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱལ་བརྟན་པར་དང་བོད་མིའི་སྤྱི་མཐུན་བསོད་ནམས་བསགས་ཆེད་དུ་རི་དགོན་མཁན་རིན་པོ་ཆེ་ཐུབ་བསྟན་ལེག་སྨོན་མཆོག་དབུ་བཞུགས་ཐོག་ལོ་རེ་ནང་ཆོས་ངོ་སྤྲོད་ཉུང་མཐར་ཐེང་གསུམ་ཙམ་གནང་རྒྱུ་སྐབས་བཅུ་བདུན་པའི་ས་མཐུས་དང་རྒྱུན་ལས་མགན་འཛིན་ཐུན་མོང་ནས་ཚོགས་འདུ་ལ་ཐག་བཅོད་གནང་བ་ལྟར་ད་ལན་མཆོད་འབུལ་སྨོན་ལམ་དང་ནང་ཆོས་ངོ་སྤྲོད་ཐེང་གཉིས་པ་གནང་བ་མ་ཟད་དྲི་བ་དྲིས་ལན་སོགས་ས་གནས་མི་མང་ལ་ཕན་ཐོགས་ཧ་ཀྱང་ཡག་པོ་བྱུང་སོང་། མི་མང་༥༠ ལྷག་འདུ་འཛོམས་གནང་སོང་ལ་གསོལ་ཇ་དང་བཞེས་ལག་སོགས་རིན་མེད་ཐོག་ས་གནས་སྦ་སལ་ཚོགས་ཆུང་ནས་གོ་བསྒྲིགས་ཞུས་སོང་། ས་མཐུས་མགོན་པོ་རྡོ་རྗེ་ཚང་ཟླ་བ་ནས། ༢༠༡༨།༡༠།༡༥།ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སྡོམས་རོགས།