སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གིས་སྤྱི་ཁང་ཉོ་འཆར།

༢༠༡༨ ཟླ་༩ཚེས་༡་ཉིན་སུད་སི་ལེག་ཏེན་སི་ཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་སྐབས་བཅུ་བདུན་པའི་ལོ་དུས་དང་པོའི་ཚོགས་ཐེངས་དང་པོ་ཛུ་རིག་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་དང་། ཚོགས་ཐོག་དུ་སྤྱི་ཁང་ཉོ་ཕྱོགས་སོགས་གནས་དོན་མང་པོ་ཞིག་གི་ཐོག་གྲོས་ཆོད་ཁ་ཤས་ཀྱང་བཞག་ཡོད་འདུག

གོང་ཚེས་ཉིན་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་དང་། ཚོགས་གཞོན་ཕྱོགས་ཤམ་པ་ཕུན་ཚོགས་གཙོས་ས་གནས་ཁག་གི་འཐུས་མི་རྣམས་ས་གནས་སྐབས་བཅུ་བདུན་པའི་འཐུས་ཚོགས་ཀྱི་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཡོད་པ་དང་། ཚོགས་འདུའི་ལས་རིམ་ཀྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་ངག་བཅད་གནང་གྲུབ་རྗེས། ཚོགས་དྲུང་ལགས་ཀྱིས་སྐབས་འདིའི་འཐུས་ཚོགས་ལ་ཚོགས་འདུའི་གྲུབ་ཆ་ལོང་ཡོད་མེད་ཞུས་ཞིང་། ཚོགས་གཙོ་མཆོག་གིས་ལས་རིམ་དངོས་སུ་གཙོ་སྐྱོང་གནང་ཡོད་འདུག 

ཚོགས་ཐེངས་འདིའི་གཞུང་འབྲེལ་གྱི་གྲོས་གཞི་གྲོས་འཆར་གཙོ་བོ་ནི་ཡིག་ཆ་ཨང་ ༡ སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་སྤྱི་ཁང་མཇུག་སྐྱོང་ཡོང་ཕྱིར་གྲོས་གཞི་གྲོས་འཆར་དེ་ཡིན་ཞིང་། སྐབས་སྔ་མའི་འཐུས་ཚོགས་རིམ་པས་གྲོས་བསྡུར་རིམ་པ་བརྒྱུད་སྐབས་བཅུ་དྲུག་པའི་འཐུས་ཚོགས་ཀྱིས་སྤྱི་ཁང་ཉོ་དགོས་པའི་གྲོས་ཆོད་གཏན་འབེབ་གནང་དོན་བཞིན། སྤྱི་ཁང་ཆེད་འཐུས་ཚོགས་ཀྱི་སྤྱི་དངུལ་ཚོང་ཟོག་སོགས་ནས་བྱུང་བའི་ཡོང་འབབ་བརྒྱ་ཆའི་༡༥ ཟུར་ཉར་གྱིས་སྤྱི་ཁང་ཉོ་བར་གྲ་སྒྲིག་གནང་བཞིན་ཡོད་འདུག་ལ། མིག་སྔའི་གནས་ཚུལ་ལྟར་ན་སྤྱི་ཁང་དེ་སུད་སིའི་ས་བབ་དང་འགྲིམ་འགྲུལ་གྱི་དཀྱིལ་སྙིང་དུ་ཁེལ་བའི་ས་གནས་ཨོལ་ཏན་ OLTEN ནང་ཉོ་འཆར་བྱེད་བཞིན་ཡོད་འདུག 

སྤྱི་ཁང་ཆེད་སྐབས་འདིའི་ས་གནས་འཐུས་ཚོགས་ཀྱི་ཚོགས་ཐེངས་ཐོག་གྲོས་ཆོད་ཞིག་བཞག་ཡོད་པ་ནི། ས་གནས་ཨོལ་ཏྰེན་ནང་སྤྱི་ཁང་དུ་འོས་པའི་ཚོགས་ཁང་དེ་ཉིད་གང་མགྱོགས་ཉོ་སྒྲུབ་ཡོང་ཕྱིར་ས་གནས་རྣམས་ཀྱི་མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་གྱིས་ལས་རིམ་ཕྲེང་ལྟར་བསྒྲིགས་སྟེ་སྟོབས་ཤུགས་ཀྱི་མདའ་མོ་ཕྱོགས་ལ་གཅིག་ལ་གཏད་དེ་འབད་བརྩོན་བྱ་དགོས་པའི་གྲོས་ཆོད་དུ། བོད་རྒྱལ་ལོ་༢༡༤༥ ས་ཁྱི་བོད་ཟླ་བདུན་པའི་ཚེས་ཉེར་གཅིག་དང་། སྤྱི་ལོ་༢༠༡༨ ཟླ ༩་ཚེས་༡ ཉིན། ཞེས་འཁོད་པའི་གྲོས་ཆོད་བཞག་གནང་ཡོད་འདུག 

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

 

༄༅། །ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་སུད་སི་ས་གནས་ནེ་ནི་ཀོན་དུ་སུད་སི་བོད་ཀྱི་བེུད་ཚོགས་པས་གོ་སྒྲིག་ཞུས་པའི་མ་འོངས་བཀའ་བློན་ཁྲི་པའི་ཆེད་བགྲོ་གླེང་ཞིག་གནང་ཡོད། སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང༌། དབུས་བོད་ཀྱི་བེུད་ཚོགས་པའི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས། ཁེ་ཎ་ཌ་ནས་༼མ་འོངས་བཀའ་ཁྲིའི་དྲ་རྒྱའི་ཐོག་༽ནས་བདེ་སྐྱིད་ཆོས་དབྱངས་ལགས། སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་ཚོགས་གཞོན་ཀང་རང་སྐལ་བཟང་ལགས། སུད་སི་རི་ཀོན་ཆོས་འཁོར་ནས་དགེ་བཤེས་བརྩོན་འགྲུས་རྒྱ་མཚོ་ལགས། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ནས་འོག་པ་བསྟན་འཛིན་ཀུན་བཟང་ལགས་བཅས་དབུ་བཞུགས་ཀྱིས་མི་མང་ ༥༠༠ ལྷག་གིས་ཐུགས་སྣང་ཆེན་པོའི་ཐོག་ནས་ཕེབས་ཞུགས་གནང་ཡོད་པ་རེད། དུས་ཡུན་ཚོུད་ ༣།༣༠ རིང་མ་འོངས་བཀའ་ཁྲིའི་ཐད་བགྲོ་གླེང་ལྷུག་པོ་གནང་བ་དང་མང་ཚོགས་ནས་དབུ་བཞུགས་རྣམ་པར་བཀའ་དྲི་ཡང་མང་དག་ཞུས། དེ་ནས་ཚོུད་གཅིག་རིང་དགོང་དྲོའི་གསོལ་ཚིགས་བར་སེང་གྲུབ་འཕྲལ་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་ནས་རེ་སྐུལ་ཞུས་དོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱག་སྦྲེལ་སྤྱི་འཐུས་རྣམ་པ་ཡུ་རོབ་ནང་ཞབས་སོར་འཁོད་པ་བསྟུན་འདི་ག་རང་རིགས་མི་མང་ལ་འདི་ཚེས་ ༡༨།༡༩ ཉིན་གཉིས་རིང་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ཚོགས་ཆེན་ཐེངས་ལྔ་པ་ལེགས་གྲུབ་བྱུང་གནས་དང་བོད་གཞུང་གི་མཛད་བྱུས་ཐད་མང་ཚོགས་ནས་བཀའ་དྲི་ཞུ་རྒྱུའི་གོ་སྐབས་གནང་སྟེ་དོགས་དྲི་ཞུ་མཁན་མང་དག་བྱུང་བར་བཀའ་ལན་གསལ་བཤད་ཞིབ་རྒྱས་གནང་རྗེས་དགོང་དྲོའི་ཚཽུད་ ༧ པ་ཡོལ་ཙམ་ལ་ཚོགས་འདུ་མཇུག་བསྡོམས་ཞུས་ཤིང་མི་མང་ཚོགས་གཞོན་ནས་སྤྱི་འཐུས་རྣམ་པར་བཀྲིས་མཇལ་དར་ཕུལ་བ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་དེ་ཉིན་ལས་རིམ་གྲུབ་པ་རེད། སྔ་དྲོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱག་སྦྲེལ་སྤྱི་འཐུས་རྣམ་པས་སུད་སི་དང་ལེཀ་ཊེན་སྤྲཡན་བོད་རིགས་མི་མང་གི་འཐུས་མི་རྣམས་དང་ཚོགས་འདུ་དང་ཉིན་གུང་གསོལ་ཚིགས་མཉམ་བཞེས་གནང༌།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།