ས་གནས་ཧོར་གྷན་དུ་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་ལས་འཆར།

ཕྱི་ལོ་ ༢༠༡༧ ཟླ་བ་༤ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་སྔ་དྲོ་ཚོུད་༡༠་༣༠ ཐོག་སུད་སི་ས་གནས་ཧོར་གྷན་དུ་ཇི་ལྟར་ས་གནས་མི་འཐུས་དང་རྒྱུན་ལས་རྣམ་པས་འབོད་སྐུལ་ཞུས་པ་ལྟར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དབུ་མ་རིན་ཆེན་ཕྲེང་བ་ལེའུ་དང་པོའི་གཞུང་དོན་སྙིང་བསྡུས་དང་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་བོད་དོན་སློབ་གསོའི་ལས་འཆར་གནང་ཡོད་འདུག

ཐོག་མར་འཐུས་མི་ཟླ་བ་ནོར་བུ་ལགས་ལགས་ནས་དགའ་བསུའི་གསུང་བཤད་གནང་བ་དང་ཚོགས་ཞུགས་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མྱ་ངན་གུས་འདུད་བཅས་ཀྱི་མཛད་རིམ་སྔོན་དུ་
སོང་རྗེས་ནང་ཆོས་ངོ་སྤྲོད་དང་བོད་དོན་སློབ་གསོའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བཀྲིས་
བསོད་ནམས་ལགས་ནས་ད་བར་ལས་འགུལ་ཁག་གོ་སྒྲིག་ཞུ་དོན་སྐོར་གྱི་གསལ་བཤད་གནང་སོང་།  


མཁན་རིན་པོ་ཆེ་མཆོག་གིས་སྔོན་འགྲོར་སློབ་དཔོན་མགོན་པོ་ཀླུ་གྲུབ་ཀྱི་མཛད་པའི་དབུ་མ་རི་ཆེན་འཕྲེང་བའི་མཆོད་བརྗོད་དང་སྡེ་སྣོད་གསུམ་གྱི་སྐོར་མང་ཚོགས་ལ་གསལ་བཤད་གནང། དེ་བཞིན་ནང་ཆོས་ཀྱི་ལྟ་སྤྱོད་ལ་སློབ་སྦྱོངས་གནང་དགོས་པ་སྐྱབས་སེམས་བརྟན་པོ་དགོས་པ་དང་། དེ་བཞིན་བཟོད་པ་དང་བརྩོན་འགྲུས་ལ་སོགས་པར་ཉམས་ལེན་གནང་རྒྱུ་དེ་ཡང་ཉིན་ཞག་གིས་ལས་དོན་གང་ཡིན་ལ་ལགས་ལེན་དུ་འཁྱེར་གནང་ཐུབ་པ་གནང་རྒྱུ་ནི་ཤིན་ནས་གལ་ཆེ་ཡིན་སྐོར་གསུང་། དམིགས་བསལ་གྱི་གཞོན་སྐྱེས་རྣམས་ནས་ནང་ཆོས་ཀྱི་ལྟ་གྲུབ་ལ་ཐུགས་གནང་དགོས་པས་འབོད་སྐུལ་དང་གསལ་བཤད་རིམ་བཞིན་གནང་རྗེས་དོགས་གནད་ཁག་ལ་ལན་འདེབས་གནང་སོང་། 

གུང་ཚིག་རྗེས་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ནས་ཐོག་མར་མཚམས་འདྲི་གནང་པ་དང་བོད་དོན་གོ་རྟོག་སློབ་གསོའི་བཀའ་སློབ་གནང་། དེ་ཡང་སྐུ་ངོ་མཆོག་ནས་ས་གནས་འཐུས་ཚོགས་ནས་གལ་གང་ཆེན་པོར་གཟིགས་ནས་བོད་ཀྱི་ཆོས་དང་རིགས་གཞུང་བོད་པའི་གོམས་གཤིས་བཟང་པོར་ཉམས་གུད་དུ་འགྲོ་བཞིན་ཡོད་པ་དང་ གཙོ་ཆེར་༸སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་དང་རྣམ་པ་ཀུན་ཏུ་བཀའ་སློབ་རིམ་པར་བོད་མི་སྐྱེ་བོ་ཡོངས་ནས་རང་ཉིད་ལ་ཡོད་པའི་རྩ་ཆེའི་ནང་ཆོས་ཀྱི་ལྟ་སྤྱོད་སློབ་སྦྱོངས་བྱ་དགོསཔ་དང་བོད་པའི་སྐད་དང་བོད་ཡིག་བོད་པའི་གོམས་གཤིས་སོགས་ལ་ངེས་པར་དུ་སློབ་སྦྱོངས་བྱ་དགོས་པའི་བཀའ་སློབ་ཕེབས་དོན་ལྟར་མང་ཚོགས་ནས་བོད་མི་རིགས་ཀྱི་ཆེད་དགོངས་པ་རྒྱ་ཆེར་ཞེས་དགོས་པའི་བླང་དོར་གྱི་བཀའ་སློབ་གནང་སོང་།


གོང་དུ་རིན་པོ་ཆེ་མཆོག་ནས་དབུ་མ་རིན་ཆེན་འཕྲེང་བའི་སྐོར་གསལ་བཤད་གནང་པ་དེ་ཡང་ཤིན་ཏུ་ནས་གལ་གང་ཆེ་བ་ཡིན་པ་དེ་སྔ་༸གོང་ས་མཆོག་སུད་སིར་༸ཞབས་སོར་བཀྲིན་ཆེ་སྐབས་དབུ་མ་རིན་ཆེན་འཕྲེང་བའི་ལིའུ་དང་པོ་གསུངས་ཆོས་གནང་ཟིན་པ་དང་མ་འོངས་པར་མུ་འཐུད་རིན་ཆེན་འཕྲེང་བའི་སྐོར་ཕལ་ཆེར་གསུང་ཆོས་གནང་འཆར་ཡོད་ན་མང་ཚོགས་ནས་རང་སྦྱོངས་གནང་ན་དགེ་ཚན་ཡོད་སྐོར་་བཀའ་སློབ་གནང་སོང་། ངས་ད་རིང་གཏམ་གླེང་བྱ་ཡས་དེ་ཡང་བོད་དང་བོད་དོན་སྐོར་གྱི་གོ་རྟོག་སྤེལ་རྒྱུ་དེ་ཡིན་ཡང་  ཡག་ག་དམིགས་བསལ་གང་ཡང་བཤད་རྒྱུ་མེད་ལ་གསར་པ་ཡང་གང་ཡང་བཤད་རྒྱུ་མེད། 

གང་ལྟར་ཕྲུ་གུ་དང་གཞོན་སྐྱེད་ཚོའི་དགེ་རྒན་དང་པོ་ཕ་མ་ཡིན་དུས་དུས་དང་རྣམ་པ་ཀུན་ཏུ་ཕ་མ་ཚོས་རང་རང་གི་ཕྲུ་གུ་ཚོར་བོད་པའི་ཡ་རབས་སྤྱོད་བཟང་དང་མ་འོངས་བོད་དོན་འཐད་མུ་འཐུད་

ཐབས་གཙོད་བྱ་འཐུབ་མཁན་ཞིག་བཟོ་ཐུབ་པ་བཟོ་རྒྱུ་ནི་ཕ་མའི་ལས་འགན་གལ་ཆེའི་ནང་ནས་གལ་ཆེ་ཞིག་ཡིན་པ་བཅས་ཀྱི་སྐོར་བཀའ་སློབ་་དང་འབོད་སྐུལ་ནན་ཏན་གནང་སོང་། 

མཐར་དོགས་གནད་ཁག་ལ་ལན་འདེབས་གནང་རྗེས། ས་གནས་འཐུས་མིས་འཇུག་སྡོམས་སུ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་གུང་ཚིག་སྦྱིན་གཏོང་བ་རྣམས་ལའང་ཐུགས་རྗེ་ཆེ་ཞུ་བཅས་གནང་ཡོད་འདུག

 

གནས་ཚུལ་མཁོ་གཏོང་བ། ཚོགས་ཁང་བསྟན་འཛིན་བློ་གསལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།