ས་གནས་ཧོར་གྷན་དུ་འཔྲོད་བརྟེན་དཔེལ་པའི་གནས་ཚུལ།

སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མིང་ས་གནས་ཚོགས་ཆུང་གི་ཧོར་གྷན་འཐུས་མི་ཟླ་བ་ནོར་བུ་དང་རྒྱུན་ལས་ཐུན་མོང་ནས། མི་མང་སྤྱི་སྨན་འཕྲོད་བསྟེན་གལ་ཆེན་གྱིས་ཚོགས་ཆུང་མི་མང་ཡོངས་ལ་གོ་སྐབས་བཟང་བོེེར་ཨམ་རྗེ་ཆེན་མོ་མཚོན་སྣ་བློ་བཟང་ཚུལ་ཁྲིམས་མཆོག་གིས་ཐུག་ཁུར་ཆེ་བཞེས། བོད་ཀྱི་གསོ་བ་རིག་པའི་ཕན་རླབས་ཆེ་ལྡན་བརྒྱུད། གཟུགས་ཁམས་བདེ་བ་དེ་ནང་སེམས་བདེ་བའི་གནད་ཁག་བཅས་ལ་ཐུག་ཡོད་པར་བཀའ་བསྩལ་བ་ལྟར། དེ་ལུགས་ཀྱི་གནད་དོན་ཆེ་ཁག་རྣམས་ངོ་སྤྲོད་གསལ་བཤད་ལམ་སྟོན་ཧ་ཅང་ཟབ་མོ་བཀའ་དྲིན་སྩལ་གནང་། དེ་རྗེས་བཀའ་འདྲི་བ་རྣམས་སུ་བཀའ་ལན་གནང་རྗེས། གསོ་བ་རིག་པའི་ཕན་རླབས་བརྒྱུད་ནས་ལུས་རྩལ YOGA གནད་ཁག་རྣམས་སློབ་སྟོན་གནང་བར་མཉམ་ཞུགས་པ་མི་མང་ཡོངས་ནས་ཐུགས་སྣང་ཆེན་པོས་ལུས་རྩལ་མཉམ་སྦྱོང་གནང་བར་ཨམ་རྗེ་མཆོག་ཐུགས་དགྱེས་སྤྲོ་ཆེན་པོ་གནང་། མ་འོངས་པར་དེ་ལྟ་བུ་མུ་མཐུད་གང་མང་གནང་ཐུབ་ཚེ་ཐུགས་ཕན་ཆེ་རྒྱུར་ངེས་བཅས་འབོད་སྐུལ་གནང་བ་ལྟར། ས་གནས་འཐུས་མི་ཟླ་བ་ནོར་བུས་ཕྱི་ཟླ ༩་ ཚེས་༨ ཉིན།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།