ས་གནས་སྦ་སལ་དུ་སྐུའི་འཁྲུངས་སྐར་དུས་ཆེན་གསུངས་རྩི་ཞུས།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༧ཉིན་རང་ཅག་གངས་ཅན་པ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ་འཛམ་གླིང་ཞི་བདེའི་-དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ས་གནས་སྦ་སལ་གསུངས་རྩི་ཞུས་སོང་བོད་རིགས་མི་མང་གི་འཐུས་མི་དང་རྒྱུན་ལས་སྡེ་མཚན་ཁག་མགན་འཛིན་་རྣམ་པ་བཅས་ནས་གོ་བསྒྲིགས་འོག་མི་མང་-༡༥༠ལྷག་མཉམ་འཞུགས་ཐོག་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཐོག་མར་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་སྤྱན་རྒྱ་སྔོན་-བསུས་ཏེ་ཚོགས་ཁང་ནང་གདན་ཞུས་རྗེས་སྐུ་དཔར་རིན་པོ་ཆེར་མཇལ་དྭར་འབུལ། མི་མང་ནས་དབུས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསུང་བ། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་གདུད་གནང་། གསངས་བསོལ་གཏང་ཚད་མེད་ཡོན་ཏན་སྨོན་ལམ་གསུངས་ནསས་གནས་བོད་སློབ་ཁག་ནས་གསུང་གཞས་ཁག་དང་། ས་གནས་མཐུས་མའི་ནས་གསུང་བཤད་དང་ས་གནས་ཚོགས་ཆུང་ཟློས་གར་དང་གཡག་སོགས་གཟིགས་འབུལ་ཞུས། ཕྱག་ཚོད་༢༤དགའ་དགའ་སྤྲོ་སྤྲོའི་ངང་མཛད་སྒོ་-ལེགས་བསྒྲུབས་བྱུང་ཡོད་པ་རེད།ས་མཐུས་མགོ་པོ་རྡོ་རྗེ་ཚང་ཟླ་བ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།