ས་གནས་ཛུ་རིག་ཚོགས་ཆུང་ནས་

ཕྱི་ལོ་༢༠༡༩ ཟླ་ ༤ ཚེས་ ༢༡ རེས་གཟའ་ཉི་མའི་ཉིན་ད་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཀའ་རྒྱ་ཕེབས་དོན་ལྟར་འདི་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དགུང་ཀེག་དངོས་གཞིའི་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མ་ཅི་མཆིས་རྨེག་མེད་དུ་ཞི་ནས་སྐུ་ཚེ་༸རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་ཆེད་དུ་ཛུ་རིག་ས་གནས་ཚོགས་ཆུང་ནས་༧རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་ཁག་ (མ་ཎི་ཡིག་དྲུག་དང་། སྒྲོལ་མ་ཉེར་གཅིག ༧རྒྱལ་བའི་མཚན་སྔགས། བདེན་ཚིག་སྨོན་ལམ། གསུང་བྱིན་བདེན་པའི་རྔ་སྒྲ། གུ་རུའི་ཐུགས་དམ་གནད་བསྐུལ། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས་བཅས།) གསོག་འདོན་རྒྱ་གང་ཆེ་གྲུབ་པ་དང་། མི་༦༠ཙམ་དོ་སྣང་ཆེན་པོའི་ངང་མཉམ་ཞུགས་གནང་སོང་། སྔ་དྲོ་ཕྱག་ཚོད་ ༡༠ པ་ནས་ཕྱི་དྲོ་ཕྱག་ཚོད་ ༡༢ དང་ཕྱེད་ཀའི་བར་ཞབས་རིམ་ཁག་ལེགས་གྲུབ་བྱུང་ དེ་རིང་དཀར་ཕྱོགས་དགེ་བའི་ཉིན་གྱི་མི་མང་དད་ལྡན་ཡོངས་ལ་གསོལ་ཇ་ ཚོགས་གཞོན་ལྷག་བསམ་ཅན་བསྟན་རྣམས་ལགས་ནས་འཐུན་འགྱུར་གནང་བ་དང་། ཨ་ཅག་ཚ་ལུང་བདེ་ཆེན་ལགས་ཀྱིས་ སུད་སྒོར་ ༡༠༠ གནང་བྱུང། མདོར་ན་༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་ཆེད་དུ་ཐུགས་འཁུར་ཆེ་བཞེས་གནང་མཁན་ཛུ་རིག་དད་ལྡན་མི་མང་ཡོངས་དང་། རྐུབ་སྟེག་དང་སྒྲོག་རྩེ་སྒྲིག་གནང་མཁན་བཅས་ཡོངས་ལ་ཛུ་རིག་ས་གནས་ཚོགས་ཆུང་གི་རྒྱུན་ལས་ཐུན་མོང་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་དེ་རིང་གི་དགེ་རྩ་གང་བསགས་པ་རྣམས་དེ་དེ་བཞིན་གནད་སྨིན་ཡོང་བའི་རེ་སྨོན་བཅས། ས་གནས་ཛུ་རིག་ཚོགས་ཆུང་ནས་

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 5 སྡོམས་རོགས།