དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་ས་གནས་མང་ཚོགས་ལ་བཀའ་སློབ་དང་བཀའ་འདྲི་བཀའ་ལན་གནང་བ།

༢༠༡༣  ཕྱི་ཟླ་  ༧  ཚེས་  ༡༣  རེས་གཟའ་སྤེན་པ་ཕྱི་དྲོ་ཆུ་ཚོད་ ༡༤/༠༠  ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཡོ་ནཱ་ཁུརོཡི་ཚི་ཚོགས་ཁང་ཆེན་མོར་ཞབས་སོར་འཁོད་པ་དང།  སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་གསུམ་བརྒྱ་སྐོར་ལ་བཀའ་སློབ་དང་བཀའ་དྲི་བཀའ་ལན་གྱི་ལས་རིམ་གང་ལེགས་བྱུང་སོང།  དེ་ཡང་བོད་དྲུང་སྒོ་སྤེ་ཡོན་ཏན་ནས་ལས་རིམ་འགོ་འཛུགས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྐོུ་སྤེན་པ་ཚེ་རིང་མཆོག་དང་།  ཡུ་རོབ་བོད་མི་མང་སྤྱི་ཟུར་རྣམ་པ།  སུད་སི་དང་ལེཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས།  ཚོགས་གཞོན་བསམ་པ་ལགས། ཡུ་རོབ་སྐུ་ཚབ་དམིགས་བསལ་སྐལ་བཟང་ལགས།  སྐུ་ཚབ་དོན་གཅོད་ཚེ་བརྟན་ལགས།  དེ་བཞིན་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་ཁག་གི་མཛད་གཙོ་རྣམ་པ།  གཞན་ཡང་དེ་རིང་འདི་འདུ་འཛོམས་ཕེབས་ཞུགས་གནང་བའི་མི་མང་རྣམ་པ་ལྷྱས་ལ་གུས་བཏུད་འཚམས་འདྲི་ཞུས་བ་དང་སྦྲགས། 

ཚང་མ་སྐུ་བཞེངས་ཀྱིས་མི་མང་ཟློས་གར་ཚོགས་མི་རྣམས་ནས་རྔ་གླིང་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།  དེ་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་དང་བཀྲིན་རྗེས་དྲན་ཞུ་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས།  སུད་སིདང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་མཛད་རིམ་དབུ་འབྱེད་གུས་བསུའི་གསུང་བཤད་དང་འབྲེལ་བའི་ལས་བསྡོམས་སྙིང་བསྡུས་ཤིག་༸སྙན་སྒྲོན་གནང་།

སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ནས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་མཆོག་ཡུ་རོབ་ནང་ཕེབས་དོན་གྱི་མཛད་རིམ་སྙིང་བསྡུས་ངོ་སྤྲོད་གནང་།  དེ་ནས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་གནང་དོན།   ༸རྒྱལ་བ་རིན་པོ་ཆེའི་བཀའ་སློབ་དགོངས་དོན་ཚང་མའི་བསམ་ཤེས་ཡག་པོ་དགོས་པ་དང།  ད་ལྟ་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལ་སོགས་པ་བོད་མི་སྤྱི་སྒེར་གནས་སྟངས་ག་རེ་ཡོད་པ་འདི་མགོན་པོ་གང་གི་མཛད་འཕྲིན་ལས་ཁོ་ན་ལས་བྱུང་བར་སོང་ཚང་མས་བཀྲིན་རྗེས་དྲན་དང་བཅས་གཟབ་ནན་གནང་དགོས་པ་སོགས་དང་།  རྡོ་ཆུང་མགོན་པོ་རྣམ་རྒྱལ་ལགས་ནས་དྲི་བ་དྲི་ལན་གྱི་ལས་རིམ་སྐོར་ངོ་སྤྲོད་གནང་།  ཐོག་མར་ས་གནས་འཐུས་ཚོགས་ཀྱིས་ངོས་ནས་གཞུང་འབྲེལ་བཀའ་འདྲི་གཅིག་ཞུས་པར་བཀའ་ལན་གནང་གྲུབ་རྗེས།  ས་གནས་བོད་རིགས་མང་ཚོགས་ནས་༸དཔལ་ལྡན་ཚོགས་གཙོ་སྐོུ་མཆོག་ལ་བཀའ་དྲི་ཞུ་མཁན།  བཅུའི་དྲི་བ་ཁག་ལ་ལན་འདེབས་གཟབ་ནན་གནང་སོང་།   མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གསུང་བཤད་གནང་འཕྲལ།  ༡༦/༣༠   ཙམ་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ལ་ཐུགས་རྗེ་ཆེ་ཞུས་མཇལ་དར་སོགས་ཕུལ་ནས་དེ་ཉིན་གྱི་མཛད་རིམ་རྒྱལ་ཁའི་ངང་མཇུག་བསྒྲིལ་ཞུས་སོང་བ་བཅས་ཀྱི་གནས་བསྡུས་སུ།   སྒོ་སྤེ་ཡོན་ཏན་གྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 9 སྡོམས་རོགས།