ས་གནས་ཐུར་བྷན་ཐལ་ནང་མཆོད་འབུལ་སྨོན་ལམ་དང་བོད་དོན་བགྲོ་གླེང་།
ཟླ ༣ ཚེས་༢༥ ཉིན་སུད་སི་ས་གནས་ཐུར་བྷན་ཐལ་བོད་རིགས་ཚོགས་ཆུང་གི་མི་མང་ཚོས་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་སྲེག་གནང་བར་ཆེད་དུ་མཆོད་འབུལ་སྨོན་ལམ་དང་། དེ་རྗེས་སུད་སི་དོན་གཅོད་མཆོག་གིས་བོད་དོན་སློབ་གསོ་དང་མི་མང་བར་བོད་དོན་བགྲོ་གླེང་སོགས་གནང་ཡོད་འདུག
འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་དོན་ལྟར་ན། གོང་ཚེས་ཉིན་སུད་སི་ས་གནས་ཐུར་བྷན་ཐལ་ཚོགས་ཆུང་གི་རྒྱུན་ལས་རྣམས་ཀྱི་གོ་སྒྲིག་འོག་ཕྱི་ཚེས་༡༨ ཉིན་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་བོ་ཡོངས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་དང་། དེ་རྗེས་སུད་སི་དོན་གཅོད་སྐུ་ངོ་དགོས་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་མི་མང་རྣམས་ལ་བོད་དོན་སློབ་གསོའི་སྐོར་ནས་བཀའ་སློབ་གནང་བ་དང་། ས་གནས་བོད་མི་གཞོན་སྐྱེས་ཚོ་དང་མཉམ་དུ་བོད་དོན་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་གནང་ཡོད་འདུག
གསར་འགོད་པ། ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།