ས་གནས་ཐུར་བྷན་ཐལ་ནང་མཆོད་འབུལ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་༢༡ ཉི་སུད་སི་ས་གནས་ཐུར་བྷན་ཐལ་ནང་གོང་ས་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བསྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་ཆེད་ཞབས་རིམ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་བཅས་གནང་ཡོད་འདུག  

གོང་ཚེས་ཉིན་ས་གནས་ཐུར་བྷན་ཐལ་བོད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་ཆེད་ཞབས་རིམ་དང་། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མཆོད་འབུལ་རྒྱས་པ་ཞིག་གོ་སྒྲིག་བྱས་ཡོད་འདུག

རི་ཁོན་མཁན་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མི་མང་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཞོན་པད་མ་ལགས་བཅས་མཉམ་ཞུགས་གནང་ཡོད་པ་དང་། མཁན་རིན་པོ་ཆེ་མཆོག་གིས་བསྔོ་སྨོན་ཐུགས་འབྲེལ་ཟབ་མོ་བཅས་་གནང་ཡོད་འདུག གསར་འགོད་པ། བཀྲ་ཤིས་རྣམ་རྒྱལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 9 སྡོམས་རོགས།