ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ནས་ས་ར་ཟླ་བ་རྒྱལ་མཚན་ལགས་སུ་ཐུགས་རྗེ་ཞུ་བ།

ཕྱི་ཟླ་ ༤ ཚེས་  ཉིན་ས་གནས་གྷེ་ལ་རུ་སི་ཚོགས་ཆུང་ཚོགས་འདུའི་ཉིན་མོར་ས་གནས་ཚོགས་མི་དགུང་ལོ་བཅུ་ཕྲག་དྲུག་སོན་པའི་ས་ར་ཟླ་བ་རྒྱལ་མཚན་ལགས་སུ་བདེན་དཔང་བྱེད་པའི་དན་དཔང་གི་རྒྱ་དང་ལེགས་དར་བཅས་འབུལ་བ་དང་།  ཁོང་གི་ཕྱི་ལོ་ ༢༠༡༡ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༢ ཚེས་ ༡༠ བར་ལོ་གཅིག་ནང་ཟླ་རེ་ཚེས་ ༡༠ ཉིན་གཅིག་རིང་ཇི་ནེ་ཝར་རྒྱལ་སྤྱིའི་མདུན་ཐང་དུ་ཞི་རྒོལ་དམ་བཅའ་གཏན་པོ་གནང་ནས་གྲུབ་འབྲས་གང་ཙམ་བྱུང་བ་དང་། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༢ ནང་བོད་ནང་དུ་ཛ་དྲག་གི་བྱུང་རྐྱེན་བྱུང་བའི་ས་གནས་གྷེ་ལ་རུ་སི་ནང་ས་ཡིག་བསྡུ་རུབ་དང་དྲིལ་བསྒྲགས་རྒྱ་ཆེན་པོ་གནང་། ཁོང་གི་བརྗོད་དོན་ལ། ཁས་རྐྱང་པོ་བཤད་པ་ལས་དངོས་སུ་ལག་ལེན་བསྟར་དགོས་པ་ཤིན་ཏུ་གལ་ཆེ།  དེས་བྱེད་དགོས་པ་རྒྱུ་མཚན་ནི། གང་ཟག་གཅིག་གི་བོད་དོན་ཆེད་དུ་ལག་བསྟར་བྱེད་ཐུབ་ཀྱི་ཡོད་པ་རང་བཞིན་དང་། ཚོགས་པ་ཁག་གི་ལས་འགུལ་གནང་བ་ལ་འགུག་པ་མི་བསྡད་པར་རང་དངོས་ནས་ལས་འགུལ་གྲུབ་འབྲས་བྱུང་བའི་གཞན་ལ་མིག་དཔེ་ཡིན་བཅས་སོ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།