རྫི་རིག་ཚོགས་ཆུང་གི་ཚོགས་མི་རྣམས་ནས་ཚེ་དཔག་མེད་ཀྱི་གཟུངས་སྔགས་སྒྲུབ་

༄༅། །རྫི་རིག་ཚོགས་ཆུང་གིས་༢༠༡༢ ལོའི་ཟླ་༩ བའི་ཚེས་༡༤  གཟའ་པ་སངས་ཀྱི་ཉིན་རྒྱབ་ཆུ་ཚོད་༥: ༣༠ ནས ༩ : ༣༠ བར་དུ་བྷེན་སུའི་མི་མང་ཚོགས་ཁང་དུ་༧རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཚེ་བརྟན་ཕྱིར་ཞབས་བརྟན་སྨོན་ལམ་ཞིག་འཚོགས་ཤིང་། ཚོགས་ཞུགས་པ་རྣམས་ནས་ཚེ་དཔག་མེད་ཀྱི་གཟུངས་སྔགས་གྲངས་འབུམ་གསུམ་དང་དྲུག་ཁྲི་བདུན་སྟོང་ལྔ་བརྒྱ་གསོག་སྒྲུབ་བྱེད་ཐུབ་ཡོད་པའི་ཁར་བོད་ཨ་མདོ་གཅན་ཚའི་ཡུལ་མི་ཁ་ཤས་ནས་གཟུངས་སྔགས་གྲངས་འབུམ་བཅུ་དང་ཁྲི་བཅུ་གཅིག་ཉིས་སྟོང་བཅས་བསྡོམས་པའི་གཟུངས་བསྔགས་གྲངས ༡༠༤༧༩༥༠༠ ཙམ་ཞིག་རྫི་རིག་ཚོགས་ཆུང་གི་མིང་ཐོག་ནས་གསོག་སྒྲུབ་ཕྱོགས་བསྡོམས་བྱུང་ཡོད།
དེ་འབྲེལ་རྫི་རིག་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ན་གཞོན་པའི་དུས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཕྱག་ལས་མགོན་པོ་གང་གིས་ཉིན་མཚན་དབྱེར་དུ་མེད་པར་གནང་དང་གནང་བཞིན་པར་རྫི་རིག་ཚོགས་ཆུང་གི་ཚོགས་མི་ཡོངས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་དང་། མགོན་པོ་གང་གི་སྐུ་ཚེ་བརྟན་ཞིང་བྱམས་དང་སྙིང་རྗེའི་ཕྱག་ཟུང་དྲོན་པོས་འཛམ་གླིང་གི་སྐྱེས་འགྲོ་ཡོངས་ལ་ཞི་བདེ་ཡི་སྦྲང་ཆར་ཟིལ་མ་དུས་བཞི་ལ་འགྱུར་བ་མེད་པར་གཏན་ནས་གཏན་དུ་བསྩལ་པར་ཤོག།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།