རྔ་པ་རྫོང་ཐོག་ཏུ་རང་ལུས་མེར་བསྲེག་གཏོང་མཁན་གཉིས་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་པ།

གཟའ་ཟླ་བའི་ཉིན་བོད་མདོ་སྨད་རྔ་པ་རྫོང་ཐོག་ཏུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲིག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་ལྟར། ད་ཆ་ཁོང་གཉིས་ཀ་འདས་གྲོངས་སོང་ཚར་ཡོད་འདུག བཙན་བྱོལ་ནང་ཡོད་པའི་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། ཁོང་གཉིས་ནི་རང་ལོ་༡༨་ཙམ་ཡིན་པའི་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་རང་ལོ་ ༡༧ ཙམ་ཡིན་པ་ཀིརྟི་དགོན་པའི་གྲྭ་ཟུར་རྔ་པ་རྫོང་གཅའ་ཞང་རྭ་རུ་བའི་ཚེ་ཁོ་རྡོ་རྗེ་ཚང་གི་བུ་དམ་ཆོས་གཉིས་ཡིན་པ་རེད། དམ་ཆོས་ལགས་ནི་འདི་ལོའི་སྤྱི་ཟླ་གཉིས་པའི་ནང་རང་ལུས་མེར་བསྲེག་བཏང་ནས་འདས་གྲོངས་ཕྱིན་པ་མ་བཙུན་དགོན་གྱི་བཙུན་མ་བསྟན་འཛིན་ཆོས་སྒྲོན་འདས་མའི་མིང་པོ་ཡིན་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 4 སྡོམས་རོགས།