རྔ་གང་འདྲ་བརྡུངས་ན་བྲོ་དེ་ལྟར་འཁྲབ་ཀྱི་ཡིན།

དབྱིན་ཡུལ་གྱི་བཀའ་གདམས་གསར་མ་ཞེས་པའི་མིང་ཅན་ཀྱི་ཆོས་ཚོགས་ཀྱི་མདུན་དུ་ངོ་རྒོལ་བྱེས་པ། 

དེ་ཡང་ཕྱི་ལོ་༢༠༡༦་ཟླ་༠༤པའི་ཚེས་༡༧་ཉིན་དབྱིན་ཡུལ་དུ་གནས་སྡོན་བོད་མི་ཁག་གཅིག་ནས་གོ་སྒྲིག་འོག་མི་གྲངས་བཅུ་བསྐོར་ཞིག་གིས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བཀའ་གདམས་གསར་མ་ཞེས་པའི་ཆོས་ཚོགས་ཀྱི་མདུན་ངོ་རྒོལ་ལས་འགུལ་ཞིག་སྤེལ་འདུག ལས་འགུར་འདིར་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ནས་བཕྱིར་འབུད་བྱས་བའི་དབྱིན་ཇིའི་ཁག་གཅིག་དང་འཛམ་གླིང་བོད་མིའི་བདེན་དོན་དྭངས་བླངས་ལས་འགུལ་ཁང་གིས་ཚོགས་མི་ཁག་གཅིག་ཀྱང་མཉམ་ཞིག་བྱེད་ཡོད་པ་རེད། ལས་འགུལ་བ་རྣམས་ཀྱིས་བཀའ་བདམས་གསར་མ་ཟེར་བའི་ཆོས་ཚོགས་ངོས་སྤྲོད་ཡིག་ཆ་འབྲེན་སྤེལ་བྱེད་ཡོད་པ་དང་། ཆོས་ཚོགས་འདི་ནི་ཞེན་མཐར་ལྷུང་བའི་ཆོས་ཚོགས་ཤིག་རེད། བོད་ཀྱི་ཡང་དག་པའི་སངས་རྒྱས་ཆོས་ལུགས་ལ་འབག་བཙོག་མ་བཟོ་རོགས།  ”ཅེས་་སོགས་འཁོད་པའི་འཕྲེད་དར་ཁག་ཅིག་བཟུང་ནས་ཆོས་ཚོགས་ཀྱི་སྒོ་མདུན་ནས་ལངས་ཏེ། ངོ་རྒོལ་བྱས་ཡོད་པ་རེད། འཛམ་གླིང་བོད་མིའི་བདེན་དོན་དྭངས་བླངས་ལས་འགུལ་སུད་སི་ཚོགས་ཆུང་གི་ཚོགས་གཙོ་མཁར་འཕགས་ནས་བཤད་དོད་དོལ་རྒྱལ་ཚོགས་པས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བརྒྱུར་གནང་བའི་སྐབས་ངོ་རྒོར་གྱི་སྐད་འབོད་ལས་འགུལ་དེ་རིགས་སྤེལ་མཚམས་བཞགས་པས་གསར་བསྒྲགས་བྱེད་པ་དེ་ངོ་མ་ང་ཚོ་དགའ་འོས་པ་ཞིག་རེད། ཁ་ཙམ་ཚིག་ཙམ་མིན་པར་དོན་ཐོག་ཏུ་སྨིན་པ་བྱེད་ན་བསྔགས་བརྗོད་ཡོད། འོན་ཀྱང་མི་མང་པོ་ཞིག་གི་ཡིད་ཆེས་བྱེད་ཐུབ་གི་མེད་པ་རེད། དེ་ལྟར་སོང་ཙང་ཁོ་ཚོས་རྔ་གང་འདྲ་བྱེས་ནས་བརྡུངས་ན་ང་ཚོས་བྲོ་དེལྟར་འཁྲབ་ཀྱི་ཡིན། འབྱུང་འགྱུར་ཡང་ཇི་སྲིད་ཁོང་ཚོས་གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་གཞི་མེད་ཀྱི་ངོ་རྒོལ་དང་མཚན་དམད་ཀྱི་ལས་འགུལ་འཚམས་གཙོང་མ་མ་བཞག་བར་དུ་ང་ཚོས་ངོས་ནས་ཀྱང་མུ་མཐུད་དེ་བདེན་པའི་ངོས་སྤྲོད་ལས་འགུལ་སྤེལ་རྒྱུ་ཡིན་པའི་ཆོད་སེམས་དམ་པོར་ཡོད་བསྐོར་ཅེས་སོགས་བཤད་སང་།

དགོང་མོར་དབྱིན་ཡུལ་དུ་གནས་སྡོན་བོད་མི་ཁག་གཅིག་དང་བཀའ་གདམས་གསར་མ་ཟེར་བའི་ཆོས་ཚོགས་ནས་ཕྱིར་འབུད་བྱས་བའི་དབྱིན་ཇིའི་ཁག་གཅིག་ནས་མ་འོངས་ལས་འཆར་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་སོང་། ཅེས་གནས་ཚུར་ཕྱོགས་བསྡུས་སུ། གསར་འགོད་པ་ཀྲ་ཤིས་རྣམ་རྒྱལ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།