རྒྱལ་གཅེས་པ་ཁ་གྱའི་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢༢ ཉིན་བོད་ནང་གི་སྔ་དྲོ་ཆུ་ཚོད་ ༧། ༣༠ ཡས་མས་སུ་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པའི་རང་ལོ་ ༦༡ ལ་སོན་པའི་རྒྱལ་གཅེས་པ་ཁ་གྱའི་དོན་གྲུབ་ལགས་ཀྱིས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་ཆེད་བསང་ཆུ་རྫོང་བླ་བྲང་དགོན་པའི་སྟོན་ཆོས་ཆོས་གྲྭའི་རྒྱབ་ལོགས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག དམ་པ་ཁོང་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་མ་ཐག་དགོན་པར་སྐོར་བར་འགྲོ་མཁན་ཚོས་མཐོང་སྟེ། སྐུ་ཕུང་ཉེན་རྟོག་པར་ཁྱེར་མ་བཅུག་པར་དགོན་པའི་དོན་དམ་མི་སྣར་རྩིས་སྤྲོད་ཀྱིས་སྨན་ཁང་དུ་ཁྱེར་འདུག་མོད། མེ་འབར་ཤུགས་ཆེ་བར་བརྟེན་ཁོང་འདས་གྲོངས་སུ་གྱུར་འདུག 

རྒྱལ་གཅེས་པ་ཁ་གྱའི་དོན་གྲུབ་ལགས་ནི། མདོ་སྨད་བླ་བྲང་བསང་ཆུ་རྫོང་མདའ་སྨད་ཞང་ནས་ཡིན་པ་དང་། ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་མ་མཚོ་དང། ཁོང་བཟའ་མི་གཉིས་ཀྱིས་གཉེན་ཉེ་ཞིག་གི་བུ་རིག་འཛིན་ཆོས་འཕེལ་ཞུ་བ་ཞིག་བུ་སྐལ་དུ་བླངས་ཡོད་པ་དང་། རིག་འཛིན་དང་ཁོང་གི་བཟའ་ཟླ་སྒྲོལ་མ་གཉིས་ལ་བྱིས་པ་སྟོབས་ལྡན་འབོད་པ་ཞིག་ཡོད་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 7 སྡོམས་རོགས།