རེ་ཀོང་བོད་སློབ་དབྱར་སྐྱིད།

༢༠༢༢ ཕྱི་ཟླ་ ༨ པའི་ཚེས་ ༢༠ གཟའ་སྤེན་པ་ཉིན་ས་གནས་ཐུར་སྦན་ཐལ་གྱི་རྐང་སྤོལ་ཐང་ཆེན་གྱི་ཉེ་འགྲམ་ཚོགས་ཁང་ཞིག་དུ་རེ་ཀོང་ཚོགས་ཆུང་གི་སློབ་ཕྲུག་དང་ འཐུས་མི་ ་བོད་སློབ་འགན་འཛིན་  དགེ་རྒན་ ་ཕ་མ་ ཚོགས་ཆུང་གི་་མི་མང་བཅས་བརྒྱ་ལྷག་ལྷན་འཛོམས་ཀྱིས་མཛད་སྒོ་དབུ་ཚུགས་ཀྱིས་ཐོག་མར་རེ་ཀོང་ཚོགས་ཆུང་གི་སྤྱི་ཟུར་རྣམ་པ་གཉིས་དང་ འཐུས་མི་ བོད་སློབ་འགན་འཛིན ་ རྒན་ལགས་རྣམ་པ་གཉིས་ ས་གནས་ཐུར་སྦན་ཐལ་གྱི་འཐུས་མི་ སློབ་ཕྲུག་བཅས་ནས་༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་གྲུབ་མཚམ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་ དེ་ནས་སློབ་ཕྲུག་ནས་དབུ་འཁྲིད་དེ་གང་བློ་མ་དང་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་འདོན་གནང་བ་དང་

བོད་སློབ་འགན་འཛིན་དང་ རྒན་ལགས་རྣམ་པ་གཉིས་ འཐུས་མི་བཅས་ནས་རིམ་བཞིན་གསུང་བཤད་གནང་གྲུབ་མཚམས་བོད་སློབ་འཛིན་གྲ་ཁག་བཞི་སོ་སོར་རིམ་བཞིན་དྲི་བ་ཁག་མི་འདྲ་བ་གསུམ་རེ་གནང་ཏེ་ཨང་རིམ་རྩེར་གསོན་རྣམས་ལ་བྱ་དགའ་གསོལ་རས་གནང་སོང་བ་དང་ ཉིན་རྒྱབ་སློབ་ཕྲུག་ནང་ཁུལ་རྐང་སྦོལ་འགྲན་བསྡུར་དང་ གཞས་སྣ་གཟིགས་འབུལ་ རྩེད་རིགས་སྣ་ཚོགས་ དགོང་དྲོ་སྒོར་གཞས་ཁྲབ་སྟོན་སོགས་སློབ་ཕྲུག་གིས་སེམས་ཁམ་དང་མཐུན་པའི་དབྱར་སྐྱིད་དོན་སྙིང་ལྡན་པ་ཞིག་བྱུང་སོང་བས་ཚང་མར་སྤྲོ་སྣང་ཆེན་པོ་བྱུང་འདུག་
སྤྱིར་རེ་ཀོང་ཚོགས་ཆུང་ནས་ལོ་ལྟར་སློབ་ཕྲུག་རེ་ལ་སྤྲོ་གསེང་ལ་ཕེབས་ཆེད་སུད་སྒོར་ལྔ་བཅུ་རེ་གནང་ཏེ་བོད་སློབ་འགན་འཛིན་ནས་སློབ་ཕྲུག་ཚོ་མཉམ་དུ་ཡོ་རོབ་གླིང་ཁ་དང་ ཡང་ན་རི་རྩེར་གཡག་བལྟ་བ་སོགས་ས་གནས་འདྲ་མིན་ལ་སྤྲོ་འཆམ་ལ་ཕེབས་སྲོལ་་ཡོད་པ་དེ་ལྟར་ཡང་ ད་ལོ་བོད་སློབ་འགན་འཛིན་དང་ འཐུས་མི་ སློབ་ཕྲུག་ཕ་མ་བཅས་གོ་བསྡུར་གྱི་བོད་སློབ་དབྱར་སྐྱིད་མིང་ཐོག་ནས་གོ་སྒྲིག་ཞུས་ཏེ་བཞེས་ལག་སོགས་ཚང་མ་ཚོགས་ཆུང་གི་ནར་གཏོང་གནང་བ་ཞིག་རེད་འདུག།

རེ་ཀོང་ཚོགས་ཆུང་གི་འཐུས་མི་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 7 སྡོམས་རོགས།