རི་ཀོན་ཚོགས་ཆུང་གིས་༧རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་གསོག་སྒྲུབ།

༢༠༡༦ ཟླ་བ་ ༢ པའི་ཚེས་ ༣ ཉིན་གྱི་དགོང་དྲོའི་ཚོུད་ ༥ ནས་ ༨ བར་རི་ཀོན་སྤྱི་ཁང་ནང་བོད་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྨན་བཅོས་འཕྲོད་བཞེས་མཛད་རྒྱུའི་རྐྱེན་སེལ་ཞབས་རིམ་གསོག་སྒྲུབ་ཞུས། དེ་ཉིན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨན་གྱིས་དབུས་པའི་དགེ་འདུན་པ་ལྔ་དང་། སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་ཆོས་རྒྱལ་བསྟན་འཛིན་ལགས་གཉིས། ཚོགས་མི་ཞལ་གྲངས་བཞི་བཅུ་ལྷག་ཙམ་འདུ་འཛོམས་ཀྱིས་རྒྱལ་བའི་མཚན་སྔགས་དང་སངས་རྒྱས་སྨན་བླའི་གཟུངས་སྔགས་གང་མང་། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་གསོལ་འདེབས་བསྡུས་པ་བྱིན་རླབས་མྱུར་མགྱོགས་མ་ཞེས་པ་གསོག་སྒྲུབ་ཞུས།

མཇུག་དུ་རི་ཀོན་ཚོགས་ཆུང་གི་འཐུས་མི་བརྡ་སྐྱེལ་ལྷག་པ་ཚེ་རིང་ལགས་ཀྱིས་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་གང་ལེགས་ཡོད་པའི་གསལ་བཤད་དང་། མི་མང་རྣམས་པས་ཐུགས་སྡུག་མི་དགོས་པའི་གསལ་བརྡ་གནང་། ཚོགས་མི་རྣམས་པས་རང་ཁྱིམ་དུ་སྐུ་ཕྱྭའི་ཞབས་རིམ་གང་མང་གསོག་སྒྲུབ་ཀྱིས་འཆར་ཟླའི་ཕྱི་ཚེས་ ༡༥ བར་བསྒྲུབ་ཐོ་ངེས་གནང་ཡོང་བའི་འབོད་བསྐུལ་ཞུས་ནས་འཚོགས་འདུ་མཇུག་སྒྲིལ། ས་འཐུས་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ཀྱིས་ཕུལ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 2 སྡོམས་རོགས།