རི་ཀོན་བོད་ཕྲུག་ལ་རྔན་པ་ཐོབ་པ།

རི་ཀོན་བོད་ཡིག་སློབ་གྲའི་སློབ་ཕྲུག་སུམ་ཅུ་སོ་གཉིས་ལ་རང་མི་རིགས་ཀྱི་སྐད་ཡིག་སློབ་པར་སྤྲོ་སྣང་འཕེལ་ཆེད་འདིར་ཡོད་ཚོགས་ཆུང་གི་མིང་ཐོག་ནས་མཇལ་དར་རེ་དང་སུད་སྒོར་ཉི་ཤུ་རེ་རྔན་པ་གནང་།དེ་བཞིན་སློབ་ཕྲུག་ཚོའི་ལོ་འཁོར་ཡིག་ཚད་ཨང་རིམ་རྩེ་ཐོན་གསུམ་ལ་བྱ་དགའ་སུད་སྒོར་ལྔ་བཅུ། ཞི་བཅུ་ཞེ་ལྔ་དང་ཞི་བཅུ་བཅས་གནང་ཡོད། 

ལོ་གསར་དང་ལོ་འཁོར་ཡིག་ཚད་ཀྱི་རྔན་པ་དེ་བཞིན་ཚོགས་ཆུང་གི་མི་མང་དང་སློབ་ཕྲུག་གི་ཕ་མ་འདུ་འཛོམས་ཐོག་གནང་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།