རི་ཀོན་ཆོས་འཁོར་དགོན་པའི་གཡས་གཡོན་དུ་གཙང་སྦྲ་གང་ལེགས་ཞིག་གནང་ཡོད་འདུག
ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༦ རེས་གཟའ་སྤེན་པའི་ཉིན་སུད་སི་ས་གནས་ར་པར་སི་ལྦིལ་ཡོ་ན་ Rapperswil Jona ཚོགས་ཆུང་གི་ཚོགས་མི་རྒྱ་མོ་ཚང་བསྟན་འཛིན་ནོར་བུ་ལགས་ཀྱིས་མ་སྐུལ་དང་བླང་ཐོག་ས་གནས་ཀྱི་ཚོགས་མི་དང་བླང་བ་འགའ་ཤས་དང་བོད་པའི་གྲོགས་པོ་སུད་སིའི་ཡུལ་མི་སྐུ་ཞབས- Hans Stutz ལགས་སོགས་མཉམ་བཞུགས་ཀྱིས་བོད་རིགས་མི་མང་གི་ཆོས་མཆོག་གི་ལྟེ་གནས་རི་ཀོན་ཆོས་འཁོར་དགོན་པའི་གཡས་གཡོན་དུ་གཙང་སྦྲ་གང་ལེགས་ཞིག་གནང་ཡོད་འདུག རྩ་བའི་ལས་འགུལ་དེ་རིགས་བར་ལམ་ལོ་ཤས་སྔོན་ནས་འགོ་འཛུགས་གནང་བ་ཞིག་ཡིན་པ་རེད་། ད་ལན་ཡང་དགོན་པའི་མཁན་རིན་པོ་ཆེ་མཆོག་གི་དབུས་པའི་དགེ་འདུན་པ་རྣམས་ཀྱིས་ལས་འགུལ་འགོ་འཁྲིད་ཀྱི་གཙོས་པའི་དང་བླང་ལས་བྱེད་པ་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་གནང་འདུག།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།