རི་ཀོན་ཆོས་འཁོར་དགོན་དུ་མཆོད་འབུལ་སྨོན་ལམ།

༄༅། །བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་བཀའ་ཤག་གི་གཞུང་འབྲེལ་བཀོད་ཁྱབ་ཕེབས་པ་བཞིན། བོད་བསྟན་སྲིད་མི་རིགས་དང་། རང་དབང་།  རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་ཆེད་གཞིས་བྱེས་གཉིས་ཀྱི་དཔའ་བོ་དཔའ་མོ་རྣམ་པས་རྩ་ཆེའི་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བ་རྣམས་པའི་ཆེད་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་འཛམ་གླིང་ཡུལ་གྲུ་གང་སར་གནས་སྡོད་བོད་མི་ཚང་མས་ཉིན་བརྒྱ་དུས་གཅིག་ཏུ་གདུང་སེམས་མཉམ་སྐྱེད་དང་།  མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་གསུང་དགོས་པའི་བཀའ་རྒྱ་ཕེབས་པ་གཞིར་བཟུང་།  འདི་ག་སུད་སིར་གནས་འཁོད་བོད་རིགས་རྣམས་པ་རི་ཀོན་ཆོས་འཁོར་དགོན་དུ་འཛོམས།   རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེའི་དབུས་པའི་དགེ་འདུན་པ་ཁག་ཅིག་དང་།  སྤྱི་ཟུར་རྣམ་པ་བཞི་བཅས་མི་མང་བརྒྱ་ཕྲག་གཅིག་ལྷག་འདུ་འཛོམས་ཐོག  ཐོག་མ་བོད་རིགས་མི་མང་གི་ཚོགས་གཞོན་ནས་མི་མང་ལ་སྨོན་ལམ་གསུང་བའི་རྒྱབ་ལྗོངས་ཀྱི་འབྱུང་ཁུངས་ངོ་སྤྲོད་ཟིན་རྗེས།  ཉིན་རྒྱབ་ཆུ་ཚོད་ ༡༥༠༠ ནས་ ༡༧༠༠  བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འདས་གྲོངས་སུ་གྱུར་བ་རྒྱལ་གཅེས་པ་དཔའ་བོ་དཔའ་མོ་རྣམ་པ་མངོན་ཐོ་ངེས་ལེགས་ཀྱི་གོ་འཕང་དང་།  རྒྱལ་གཅེས་པ་རྣམས་པའི་བསམ་དོན་འགྲུབ་ཆེད་བཟང་སྤྱོད་སྨོན་ལམ།  སྤྱོད་འཇུག  མ་ཎི་ཡིག་དྲུག་གང་མང་བགྲངས་བ་བཅས་ཀྱི་གནས་ཚུལ།   ཚོགས་ཆུང་འཐུས་མི་བརྡ་སྐྱེལ་ཐུབ་བསྟན་དགེ་ལེགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 3 སྡོམས་རོགས།